༼འཛམ་གླིང་རྒྱན་ཆ༽
གློག་བརྙན། རྒྱུ་འབྲས།
གླུ་ཚིག་རྩམ་མི། དྲུང་འཚོ་ཤེས་རབ་རྡོ་རྗེ།
ཁྲི་གདུགས་ཉི་མའི་འོད་ཟེར་ཆེ།
།ཆུ་ཤལ་ལ་ཟླ་བའི་བདངས་བཀྲག་ཆེ། །
ཉི་ཟླ་ཆ་གཅིག་ཟུང་གཅིག་ཤར།
།རྟགས་དང་ལ་རྟེན་འབྲེལ་བཟང་ལགས་སོ། །
ཉི་ཟླ་ལ་གནམ་ཁའི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ་ལ། །
ཉི་ཟླ་ལ་གནམ་ཁའི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ། །
ཕོ་བཟང་གཟི་བརྗིད་ཆེ་ལ་གཅིག
།མོ་བཟང་བྱེད་ངོ་ལེགས་ལ་གཉིས། །
ལས་འཕྲོ་ལྡུམ་ར་ཁྲ་མོའི་ནང་།
།གནམ་བསྐོས་མེ་ཏོག་ཤར་བ་འདྲ། །
ཕོ་བཟང་གཟི་བརྗིད་ཆེ་ལ་གཅིག
།མོ་བཟང་བྱེད་ངོ་ལེགས་ལ་གཉིས། །
ལས་འཕྲོ་ལྡུམ་ར་ཁྲ་མོའི་ནང་།
།གནམ་བསྐོས་མེ་ཏོག་ཤར་བ་འདྲ། །
མེ་ཏོག་ལ་ས་ཡི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ་ལ། །
མེ་ཏོག་ལ་ས་ཡི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ། །
ཇ་ཆང་ལོངས་སྤྱོད་འཛོམས་པ་གཅིག
།ཕམ་དང་བུ་གཞི་འཛོམས་པ་གཉིས། །
གཡུས་བཟང་གསེར་གྱི་གཞོང་མའི་ནང་།
།དགའ་སྐྱིད་ལོ་ཐོག་ཚོགས་པ་འདྲ། །
ཇ་ཆང་ལོངས་སྤྱོད་འཛོམས་པ་གཅིག
།ཕམ་དང་བུ་གཞི་འཛོམས་པ་གཉིས། །
གཡུས་བཟང་གསེར་གྱི་གཞོང་མའི་ནང་།
།དགའ་སྐྱིད་ལོ་ཐོག་ཚོགས་པ་འདྲ། །
མེ་ཏོག་ལ་ས་ཡི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ་ལ། །
མེ་ཏོག་ལ་ས་ཡི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ། །
གཡས་ལས་སྐྱེས་པའི་གླུ་གཅིག་ལེན།
།གཡོན་ལས་ལ་ཟ་མོའི་བྲོ་གཅིག་ཁྲབ། །
ཕོ་མོ་ཆ་གཅིག་ཟུང་གཅིག་འཛོམས།
།རྟགས་དང་ལ་རྟེན་འབྲེལ་བཟང་ལགས་སོ། །
ཉི་ཟླ་ལ་གནམ་ཁའི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ་ལ། །
ཉི་ཟླ་ལ་གནམ་ཁའི་རྒྱན་ཆ།
།ཕོ་མོ་ལ་འཛམ་གླིང་རྒྱན་ཆ། །
No comments:
Post a Comment