༼ལུས་ངག་ཡིད་གསུམ།༽
གློག་བརྙན། དོན་ཧིང་སྤ་རིས་གངམ།
གླུ་ཚིག་རྩམ་མི། ཚེ་དབང་ལྷུན་གྲུབ།
ཁྱོད་ཀྱི་ལུས་ངག་ཡིད་གསུམ་གཅིག་བ་གཅིག་ལེགས་པས། །ད་རིས་ཚུན་ཚོད་མ་སླབ་ད་ལྟོ་ང་གིས་སླབ་གེ
།
ཧན་པའི་གླིངམ་འདི་གོ་ཡི་ཁྱོད་ཀྱི་ལོ་རྒྱུས་བཟུམ་འདི། །ད་རིས་ཚུན་ཚོད་མ་སླབ་ད་རིས་ང་གིས་སླབ་གེ
།
གནམ་ཁའི་ཟླ་བ་ཤར་ས་མཐོང་མས། །བུ་ངེའི་མིག་ཁར་དགའ་བའི་སེམས་འདི་མཐོང་ནི་མིན་འདུག
།
ངེའི་ཁོག་པའི་ཧིང་གཏམ་སྨན་གྱི་དུས་རྩི། །དུག་ལུ་འགྱུར་མ་བཅུག་སྨན་སྦེ་ལེན།
།
ནང་མཐོང་ནི་མེད་པའི་སེམས་ཀྱི་ན་ཟུག །ལོ་བརྒྱ་གཅིག་ལངས་རུང་སངས་མ་བཏུབ།
།
གཟུགས་ས་ནང་ཐིམ་རུང་སྡུག་བསྔལ་འདི། །ཡལ་འགྱོ་ནི་མིན་འདུག་སེམས་ཤིཝ་མས།
།
ཁྱུང་སེ་ཨ་ཞེ་རྒྱལ་འཛོམས་བཟུམ་སྦེ་ཁྱོད་མཐོང་མས། །ད་རིས་ཚུན་ཚོད་མ་སླབ་ད་ལྟོ་ང་གིས་སླབ་གེ
།
གླིང་གི་གེ་སར་རྒྱལ་པོ་བཟུམ་སྦེ་ཁྱོད་མཐོང་རུང་། །ད་རིས་ཚུན་ཚོད་མ་སླབ་ད་རིས་ང་གིས་སླབ་གེ
།
མེ་ཏོག་ལེགས་པའི་ལོ་རྒྱུས་སིམ་མས། །བུ་ངེའི་རྣ་བ་ཁྱོད་ཀྱི་གསུང་སྐད་གོ་ནི་མིན་འདུག
།
ཡར་གནམ་ཁའི་སྐར་མ་གྱངས་ཁ་རྐྱབ་ཚུགས། །ཁྱོད་ལུ་དགའ་བའི་སེམས་ཚད་ཅིག་མེད།
།
གཏིང་ཟབ་པའི་རྒྱ་མཚོའི་ནོར་བུ་བཏོན་ཚུགས། །དེ་འབདཝ་ད་ལག་པར་ལེན་མ་ཚུགས།
།
ངེའི་དོན་ཧིང་སྤ་རི་གངམ་འདི་སྨོ། །དུས་ད་རིས་ཁྱོད་ཀྱིས་ལེན་གནང་མས།
།
ངེའི་དོན་ཧིང་སྤ་རི་གངམ་འདི་སྨོ། །དུས་ད་རིས་ཁྱོད་ཀྱིས་ལེན་གནང་མས།
།
No comments:
Post a Comment