Wednesday, March 4, 2020

Semgi Khangzang from Sipa Bardo


སེམས་ཀྱི་ཁང་བཟང་༽

གློག་བརྙན། སྲིད་པ་བར་དོ།

གླུ་ཚིག་རྩོམ་མི། སློབ་རྟ་མགྲིན་ད་ཡེ་ཤེས།

སེམས་ཀྱི་ཁང་བཟང་ནང་ལུ། །དམ་ཚིག་བཞུགས་གདན་ཐིང་ཡོད།།
བརྩེ་གདུང་འགྱུར་མེད་སྒོ་ལས། །མི་ཚེ་དགའ་ཉམས་སྐྱོང་ཤོག།
དམ་ཚིག་ལྡུམ་ར་ནང་ལུ། །བུང་བ་ལེ་ཤ་འཁོར་འོང་།།
ཚེ་གང་སྦྲང་རྩི་འཇིབ་མི། །གཅིག་ལས་མ་གཏོགས་གཞན་མི་འོང་།།
འཛམ་བུ་གླིང་ལ་གང་ཡང་ཡོད་། །སེར་པོ་གསེར་གྱི་བང་མཛོད་ཡོད།།
སེར་པོ་གསེར་གྱི་བང་མཛོད་ཡོད། །སེར་པོ་གསེར་གྱི་བང་མཛོད་ཡོད།།
ལྡེ་མིག་ཨ་མའི་ཕྱག་ལུ་ཡོད། །ལྡེ་མིག་ཨ་མའི་ཕྱག་ལས་ཞུ།།
ཕུལ་ས་བླ་མའི་ཕྱག་ལུ་ཨིན། །ཕུལ་ས་བླ་མའི་ཕྱག་ལུ་ཨིན།།
ཚེ་སྔོན་ལས་འཕྲོ་ཡོད་པའི། །དགའ་བའི་གཉེན་གྲོགས་གཉིས་ཀུ།།
དམ་ཚིག་འགྱུར་བ་མེད་པར། །མི་ཚེ་དགའ་ཉམས་སྐྱོང་གེ།།
དམ་ཚིག་ལྗོན་ཤིང་གུ་ལུ། །ལྷ་བྱ་ལེ་ཤ་འཁོར་འོང་།།
ཚེ་གང་བརྩེ་སེམས་སྐྱེད་མི། །གཅིག་ལས་མ་གཏོགས་གཞན་མི་འོང་།།
འཛམ་བུ་གླིང་ལ་གང་ཡང་ཡོད་། །སྔོན་པོ་གཡུ་ཡི་བང་མཛོད་ཡོད།།
སྔོན་པོ་གཡུ་ཡི་བང་མཛོད་ཡོད། །སྔོན་པོ་གཡུ་ཡི་བང་མཛོད་ཡོད།།
ལྡེ་མིག་ཨ་མའི་ཕྱག་ལུ་ཡོད། །ལྡེ་མིག་ཨ་མའི་ཕྱག་ལས་ཞུ།།
ཕུལ་ས་བླ་མའི་ཕྱག་ལུ་ཨིན། །ཕུལ་ས་བླ་མའི་ཕྱག་ལུ་ཨིན།།

No comments:

Post a Comment