༼ཁྲི་དང་འབུམ་འབད༽
གློག་བརྙན། རྒྱུ་འབྲས།
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།
སེམས་རྐང་ཅུང་མེད་རུང་ཁྱོད་མཐོངམ་ད། །ཨའེ་བག་ཆགས་ཅིག་མ་ཆགས་པར། །
ལུས་སྤོ་ཅུམ་བཏབ་རུང་རང་། །ཨའེ་འཚོར་བ་མི་བྱུང་པས། །
ལགཔ་མཉམ་གཅིག་མཐུད་དེ་འགྱོཝ་ད་གཡུས་བཟང་དགའ་ཏོག་ཏོ། །
ཕྱག་འཇམ་པའི་ལགཔ་གཅིག་མཐུད་གེ །
ལམ་ཁྱོད་དང་འགྱོ་ནི་མེདཔ་ད་གཡུས་བཟང་ཁྲོ་ལོ་ལོ། །ལམ་ཁྱོད་དང་མཉམ་གཅིག་འགྱོ་གེ །
གོམ་མཉམ་ཅིག་སྤོ་སྟེ་འགྱོཝ་ད་གཡུས་བཟང་སྐྱིད་ཏོང་ཏོ། །ང་ཁྱོད་ད་བཤལ་ཏེ་འཁྱིད་གནང་མས།
ཁྲི་དང་འབུམ་འབད་ང་ཁྱོད་ལུ་དགའ་ཟེར་སླབ་ནི་མེད། །
ཚེ་གཅིག་ལུས་གཅིག་ང་ཁྱོད་ལས་ལྷག་སྟེ་གཞན་མི་དགའ། །
སེམས་གཟུགས་འབད་མེད་རུང་ཁྱོད་དྲནམ་ད། །ཨའེ་ཚ་བ་ཚུ་བུ་མས། །
དྲནམ་བཏོན་ཏེ་སྡོད་རུང་ར་བློ་ག་སླབ་མིན་ནུག་སྨོ། །
ཁྲི་དང་འབུམ་འབད་ང་ཁྱོད་ལུ་དགའ་ཟེར་སླབ་ནི་མེད། །
ཚེ་གཅིག་ལུས་གཅིག་ང་ཁྱོད་ལས་ལྷག་སྟེ་གཞན་མི་དགའ། །
ཁྲི་དང་འབུམ་འབད་ང་ཁྱོད་ལུ་དགའ་ཟེར་སླབ་ནི་མེད། །
ཚེ་གཅིག་ལུས་གཅིག་ང་ཁྱོད་ལས་ལྷག་སྟེ་གཞན་མི་དགའ། །
དགའཝ་ཧིང་གཏམ་གོ་ནི་མེདཔ་ད་ས་འཇིག་རྟེན་མེ་ཡི་རྦ་རླབས། །
གཏམ་ཧིང་གཏམ་ཨ་རྟག་བཤད་གནང་། །ཕངམ་ཁྱོད་ད་བཏབ་པའི་ཚེ་ལུ། །
ས་འཇིག་རྟེན་མི་ཡི་རྦ་རླབས། །གཏམ་ཧིང་གཏམ་ཨ་རྟག་བཤད་གནང་། །
ཕངམ་ཁྱོད་ད་བཏབ་པའི་ཚེ་ལུ་ས་འཇིག་རྟེན་ཞིང་ཁམས་ངོ་མ། །
ཁྱོད་དྲོད་ལས་མ་ཡལ་བཞུགས་གནང་། །ཁྲི་དང་འབུམ་འབད། །
No comments:
Post a Comment