Sunday, March 1, 2020

Ari Yo from Ruebi Nyaka Phushay

༼ཨ་རི་ཡོ༽
གློག་བརྙན། རུད་པའི་ཉ་ཀ་ཕུ་ཤེས།
གླུ་ཚིག་རྩོམ་མི། སློབ་ཀུན་ལེགས་རྒྱལ་མཚན།

རྩེམོ་པད་ཅ་ལེགས་པས། །རྩཝ་སྡོང་པོ་འཇའ་བས། །ཤིང་ལྷ་ཤིང་ཁྱོད། །
རྩེམོ་ལེགས་པའི་པད་ཅ། །རྩཝ་འཇའ་བའི་སྡོང་པོ། །ཁྱོད་ཆགས་ས་ཨིན། །

ཐག་རིང་ལས་འཁོར་བའི་ཁུ་བྱུག་སྔོན་མོ་ང་། །ལྷ་ཤིང་ཁྱོད་ལས་ཆགས་ས་གཞན་ལུ་མེད། །
ཁྱོད་རྒྱང་གི་ཁུ་བྱུག །ས་འདི་ལས་འཕུར་ཏེ་ཡར་མ་སོང་། །
ང་རྒྱང་གི་ཁུ་བྱུག །ཁྱོད་ཤིང་ཆེན་བཞག་པར་ཕངས་པས་སྨེ། །

ལེགས་མི་ལེགས། །འཇའ་མི་འཇའ། །ཤིང་དང་ཁུ་བྱུག །དགའ་བའི་གླུ་ལེན། །
ཚེ་གཅིག་ལུས་གཅིག །སྤང་ས་མིན་ནུག །ཨའེ་སྨོ། །ངེའི་སེམས། །

རིགས་བཟང་གི་བུ་མོ། །ཞལ་ལེགས་པའི་དཀྱིལ་འཁོར། །ཧ་ལས་མི་ལས། །
བུམོ་རང་གི་བློ་གཏད། །བུམོ་རང་གི་རེ་བ། །ཁྱོད་སྟག་ཤར་ཨིན། །

ངེའི་སེམས་ཀྱི་ནང་རྟེན་ཟེར་རུང་ཁྱོད་རང་ཨིན། །བྱིན་རླབས་དངོས་གྲུབ་གཞན་ལས་རེ་ས་མེད། །
བརྩེ་མིག་གཞི་མཐུན་ཚེ། །སྔོན་ལས་ཀྱི་བག་ཆགས་ཤརཝ་མེན་ན། །
ཚེ་སྔ་མའི་ལུས་ལུ། །ཚེ་འདི་གིས་ཧིང་ལས་དགའ་ཚོར་ཡོད། །

ལེགས་མི་ལེགས། །འཇའ་མི་འཇའ། །ཧན་པའི་གཏམ་དང་། །དགའ་བའི་ལོ་རྒྱུས། །
དོན་ཧིང་ནང་ལས། །ཡལ་ས་མིན་ནུག །ཨའེ་སྨོ། །ངེའི་སེམས། །

No comments:

Post a Comment