༼གླུ་གར་ཁྲ་མོ༽
གློག་བརྙན། འོད་འབུམ་འོད་མཚོ།
གླུ་ཚིག་རྩོམ་མི། དྲུག་ཚོ་ཤེས་རབ་རྡོ་རྗེ།
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་སྭོ་་་
ཧིང་གཏམ་གྱི་ཁུ་ཆ་འབག་སྟེ་གིས། །དམ་ཚིག་གི་རྟོག་མ་བཙུགས་ཏེ་གིས།།
དགའ་འཛུམ་གྱི་རྒྱན་ཆ་བཏགས་ཏེ་གིས། །བརྩེ་གདུང་གི་ཧུ་ཤུད་བགྱངས་ཏེ་གིས།།
གཡུ་བཟང་རྩ་རིའི་གནས་ལུ། །ཁྱོད་གཟུགས་རྩ་རི་སྨྱུག་མའི།།
ཕྱག་དབང་ཅིག་བཅར་བར་ཨིན།།
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་སྭོ་་་
དམ་ཚིག་སྒར་པའི་ལ་ཕྱག་དབང་། །ཡིད་འཕྲོག་ཁྱོད་ལུ་ལ་བཅར་ནི།།
ངོ་འཛུམ་བུ་མོའི་ལ་ཕྱག་དབང་། །ནོར་བཟང་ཁྱོད་ལུ་ལ་བཅར་ནི།།
དགའ་བའི་ཕྱག་དབང་ལ་བཅར་ཤོག །བརྩེ་བའི་ཕྱག་དབང་ལ་བཅར་ཤོག།
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་སྭོ་་་
དགའ་བ་གིས་གཡས་ལས་བསྒོར་ཏེ་གིས། །བརྩེ་བ་གིས་གཡོན་ལས་བསྒོར་ཏེ་གིས།།
ལང་འཚོ་གི་མེ་ཏོག་ཤར་ཏེ་གིས། །དག་སྣང་གི་ཕྱག་མཇལ་འབག་སྟེ་གིས།།
ཁྲོམ་ཆེན་ལྡུམ་ར་ཁྲ་མོར། །ཁྱོད་གཟུགས་པད་མའི་སྡོང་པོའི།།
ཕྱག་དབང་ཅིག་བཅར་བར་ཨིན། །ཕྱག་དབང་ཅིག་བཅར་བར་ཨིན།།
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་
གླུ་གར་ཁྲ་མོ་ལ་་་སྭོ་་་
No comments:
Post a Comment