Wednesday, March 4, 2020

Sipa Bardo Title Song

སྲིད་པ་བར་དོ༽

གློག་བརྙན། སྲིད་པ་བར་དོ།

གླུ་ཚིག་རྩོམ་མི། ཡེ་ཤེས་རྡོ་རྗེ་དང་ཤར་ཀུ་ཀུ།

ཁྱོད་ལེགས་པའི་དགའ་འཛུམ་མཐོང་ནི་ཡོདན། །ང་བར་དོ་འཁྱམས་ཏེ་སྡོད་དགོཔ་མེད། །
ཁྱོད་རྟག་བུ་ང་དང་སྡོད་ནི་ཡོདན། །ངེའི་དགའ་འཛུམ་ཁྱོད་ཀྱི་དོན་ལུ་ཨིན། །
ངེའི་ཞེན་ཆགས་སེམས་ཀྱི་རྒྱུ་ནོར་འདི། །དགའཝ་སྙིང་མཐུན་ཁྱོད་དང་ལུས་སོཔ་ལས། །
ཉམ་ཐག་རུང་སྲིད་པ་བར་དོ་ནང་། །ཁྱོད་མཐོངམ་ལས་ང་ལུ་ཞིང་ཁམས་མས། །
ལུས་མེད་པའི་སེམས་འདི་བལ་ལས་ཡང་། །ང་བལ་ལས་ཡང་པའི་སེམས་ཅིག་འབག །
སེམས་མི་ཡུལ་ལུང་པ་ཁྱོད་ལུ་བསྒུགས། །སེམས་འཁྲུལ་བའི་མིག་ཆུ་ཁྲག་ལུ་གྱུར། །
ཁྱོད་རྟག་བུ་ཕང་མར་བཏབ་ནི་ཡོདན། །ང་འཁོར་བའི་ཞེན་ཆགས་བསྐྱེད་དགོཔ་མེད། །
ཁྱོད་སླབ་པའི་ཧིང་གཏམ་ཉན་ནི་ཡོདན། །སེམས་ཆགས་པའི་རྒྱུ་ནོར་ང་མི་དགོ །
དགུང་ཁྲི་གདུགས་ཤར་ལས་མ་ཤརཝ་ལས། །ཁྱོད་ཞལ་གྱི་དཀྱིལ་འཁོར་སེམས་ལུ་ཤར། །
ང་བར་དོ་འཁྱམ་སའི་གཡུས་ཁ་ལུ། །ཁྱོད་ང་དང་སྡོད་ནི་ཡོད་རུང་དགའ། །
གཏམ་རླུང་གིས་འབག་ས་མ་མཐོང་རུང་། །ཁྱོད་སླབ་པའི་ཧིང་གཏམ་ཧན་མི་ཧན། །
ཉམ་ཐག་རུང་སྲིད་པ་བར་དོ་ནང་། །ཁྱོད་མཐོངམ་ལས་ང་ལུ་ཞིང་ཁམས་མས། །

No comments:

Post a Comment