༼གཅིག་མེན་གཉིས་ཡང་མེན༽
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།
གློག་བརྙན། སུ་པར་ཨིས་ཊར།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས། །
ཁྱོད་ཀྱི་ལེགས་པའི་ངོ་རིས་བལྟ་སྟེ་གི །ཁྱོད་ལུ་དགའ་བའི་བརྩེ་བ་བརྒྱ་གཅིག་ཡོད།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི།
།ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།
བུམོ་ང་ཧ།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི།
།ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།
སེམས་ལྷོད་ས་ལུས་མ་ལྷོད། །ལུས་སྡོད་ས་སེམས་མ་ཆགས།།
ཁྱོད་ཀྱི་ཧིང་གཏམ་བཤདཔ་ད། །ཨའེ་བལྟ་སྟེ་ཆགས་པའི་བློ་སེམས་སྟོང་གཅིག་ཡོད།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
ས་ག་སྟེ་འགྱོ་རུང་ར། །ཁྱོད་དྲན་ཏེ་བགས་མ་ཆགས།།
ཁྱོད་ཀྱི་བརྩེ་བ་བསྐྱེད་ཐངས་ཨའེ་བལྟ་སྟེ། །ཕངས་པའི་ཕངས་སེམས་ཁྲི་གཅིག་ཡོད།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
ཁྱོད་ཀྱི་བསམ་པ་བཟང་པོ་བལྟ་སྟེ་གི །འགྱུར་ནི་མེད་པའི་དམ་བཅའ་འབུམ་གཅིག་ཡོད།།
ཁྱོད་ཀྱི་དགའ་བའི་དགའ་འཛུམས་ཨའེ་ལྟ་སྟེ།
།དྲན་པའི་སེམས་འདི་ས་ཡ་གཅིག་ཡོད།།
བུམོ་ང་ཧ།།
ཁྱོད་ཀྱི་དགའ་བའི་དགའ་འཛུམ་ཨའེ་ལྟ་སྟེ། །དྲན་པའི་སེམས་འདི་ས་ཡ་གཅིག་ཡོད།།
གཉིད་ལོག་རུང་གཉིད་ལམ་ཁྱོད། །ལམ་འགྱོ་རུང་སེམས་ཁར་ཁྱོད།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི།
།ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
No comments:
Post a Comment