Sunday, March 1, 2020

Bu Nga Lengo Zodai from Gau Chakala


༼བུ་ང་གླེན་གོ་བཟོ་ད་ཡི༽
གློག་བརྙན། མགརཝ་ལྕགས་དཀར་ལ།
གླུ་ཚིག་རྩམ་མི། མགར་སཔ་དམ་ཆོས་བསྟན་འཛིན།

བུ་ང་གླེན་གོ་བཟོ་ད་ཡི། །ལ་ལ་ལ་ལ། སེམས་ལུ་ག་མནོ་མ་ཚོར། །ལུས་ཀྱིས་ག་འབད་མ་ཤེས།
བུམོ་ཁྱོད་དང་ཕྱདཔ་ད་ལུ། །བུམོ་ང་རྩ་རྒསམོ་བཟོ་ད་ཡི།
ཁྱོད་ཀྱིས་སྟོན་པའི་རྣམ་འགྱུར་དེ་ཚུ་གིས། །མཐོང་རེ་མཐོང་ཚེ་ཁྱོད་མས།
དྲན་རེ་དྲན་ཚེ་ཁྱོད་མས། །བུ་ཁྱོད་དང་ཕྱདཔ་ལས་ཚུར།

མཉམ་ཆུང་ཅན་གྱི་མི་ང་། །ཁྱོད་ལུ་ཆགས་སེམས་བསྐྱེད་པར།
བསོད་ནམས་ཡོད་ག་མེད་ཀྱི། །ལན་ཅིག་ཚར་གཅིག་གསུང་གནང་།
ཁྱོད་ལུ་བསྒུགས་ཏེ་མི་ཚེ་རྫོགས་མ་བཅུག

མཐོང་ནི་ཡོད་པའི་ཁྱོད་ཀྱི་ལུས་འདི། །རྟག་བུ་ང་དང་གཅིག་ཁརསྡོད་དེ་འབད་རུང་ར།
མཐོང་ནི་མེད་པའི་སེམས་འདི། །དུས་རྟག་བུ་སྨན་ཆུང་ག་ཏེ།
འཇའ་རིསམོ་ཡོད་ས་ལས་ཕར། །ཆགས་པའི་ཚིག་གསུམ་བཤད་པར་མ་སོང་།

རྐང་མའི་འོག་གི་ས་རོག་རྡོ་རོག །ནམ་མཁའི་ཞལ་རས་མཇལ་བ་ལུ།
འོས་འབབ་ཡོད་ག་མེད་ཀྱི། །ལན་ཅིག་ཚར་གཅིག་གསུང་གནང་།
བུ་ང་ཐེ་ཚོམ་ནང་ལུ་ལུས་མ་བཅུག

བུམོ་ང་རྩ་རྒསམོ་བཟོ་ད་ཡི། །ཁྱོད་ཀྱིས་སྟོན་པའི་རྣམ་འགྱུར་དེ་ཚུ་གིས།
མཐོང་རེ་མཐོང་ཚེ་ཁྱོད་མས། །དྲན་རེ་དྲན་ཚེ་ཁྱོད་མས།
བུ་ཁྱོད་དང་ཕྱདཔ་ལས་ཚུར། །བུ་ང་གླེན་གོ་བཟོ་ད་ཡི།
ཁྱོད་ཀྱིས་སྟོན་པའི་རྣམ་འགྱུར་དེ་ཚུ་གིས། །སེམས་ལུ་ག་མནོ་མ་ཚོར།
ལུས་ཀྱིས་ག་འབད་མ་ཤེས། །བུམོ་ཁྱོད་དང་ཕྱདཔ་ད་ལུ།

No comments:

Post a Comment