༼རྟེན་འབྲེལ་ཕུན་སུམ༽
གློག་བརྙན།
སྲིད་པ་བར་དོ།
གླུ་ཚིག་རྩོམ་མི།
དྲུག་ཚོ་ཤེས་རབ་རྡོ་རྗེ།
ཡར་ལ་གནམ་ལ་ཉི་ཟླ་བཟང་ལ་སྭོ།
།མར་ལ་ས་གཞི་ཕུན་སུམ་ཚོགས་ལ་སྭོ།།
བྱང་སེམས་སྤྲུལ་པའི་རྒྱལ་པོ།
།གསེར་གྱི་ཁྲི་ལ་བཞུགས་ལ་རུ་རུ།།
མཛད་བྱ་བཟང་བའི་ཨ་ཞེ། །དངུལ་གྱི་ཁྲི་ལ་བཞུགས་ལ་རུ་རུ།།
དགའ་ལ་དགའ་བའི་པད་སྐོར་གཡས་ལས་སྒྱིར། །སྐྱིད་ལ་སྐྱིད་པའི་མཉེན་རྒྱ་གཡོན་ལས་སྒྱུར།།
ཡར་ལ་གནམ་ལ་ཉི་ཟླ་བཟང་ལ་སྭོ།
།མར་ལ་ས་གཞི་ཕུན་སུམ་ཚོགས་ལ་སྭོ།།
ཁྱོད་གཟུགས་དཀར་ཡོལ་དཀར་བཟང་གུར་ཡ་ལ། །རི་མོ་བྲིས་བཞག་གེ།།
རི་མོ་ཡལ་ས་མིན་འདུག་ལ།
།དམ་ཚིག་གཙང་མའི་རྟེན་འབྲེལ་རུ་རུ།།
གཤིན་རྗེ་རྒྱལ་པོའི་བཀའ་ཡོད་རུང་། །བུམོ་ང་མི་འགྱོ་ལ།།
གླིང་གི་རྒྱལ་པོའི་ཕྱག་ཞུ་ནི།
།དད་དམ་གཙང་མའི་རྟེན་འབྲེལ་རུ་རུ།།
ཡར་ལ་གནམ་ལ་ཉི་ཟླ་བཟང་ལ་སྭོ།
།མར་ལ་ས་གཞི་ཕུན་སུམ་ཚོགས་ལ་སྭོ།།
ཁྱོད་གཟུགས་གསེར་གྱི་ཀོ་མ་གུར་ཡ་ལ། །གཡུ་ཆུང་བརྡབ་གེ་ལ།།
གཡུ་ཆུང་བུད་ས་མིན་འདུག་ལ། །ལས་འཕྲོ་འཛོམས་པའི་རྟེན་འབྲེལ་རུ་རུ།།
ཚེ་དང་སྲོག་ལུ་ཐུག་རུང་ར་ཡ་ལ། །བློ་སེམས་འགྱུར་ས་མེད།།
ལས་འཕྲོ་བུ་མོའི་ཕྱག་ཞུ་ནི།
།རྣམ་བསྐོས་འཛོམས་པའི་རྟེན་འབྲེལ་རུ་རུ།།
No comments:
Post a Comment