༼གནམ་བསྐོས་གནམ་བསྐོས།༽
གློག་བརྙན། མི་ཚེ་གསུམ་གྱི་གྲོགས།
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།
གནམ་བསྐོས་གནམ་བསྐོས་ཟེར་མི་འདི།
།བུམོ་རང་གིས་རྩ་ལས་ཧ་མ་གོ།
བུམོ་རང་གི་རྩ་ལས་ཧ་མ་གོ
།ལས་གནམ་བསྐོས་དགའ་བའི་སེམས་འདི་འབདན།།
སེམས་ཅིག་ཁར་མཐུན་རུང་སྡོད་དབང་མེད།
།ལས་གནམ་བསྐོས་ཐ་དང་དམ་ཚིག་འབདན།།
ལོག་ཕྱད་རུང་གཉེན་གྲོགས་འགྱུར་མ་ཚུགས།
།ལོག་ཕྱད་རུང་གཉེན་གྲོགས་འགྱུར་མ་ཚུགས།།
ལས་གནམ་བསྐོས་སྦོ་ལོག་ཨིན་ཟེར་ན།
།ཨཡེ་གདོང་བསྐོར་ཕྱད་རུང་སྡོད་མ་ཚུགས།།
ལས་གནམ་བསྐོས་ས་ཐག་རྒྱང་ལུ་འབདན།
།གཉེན་རང་གི་རྩ་བར་ཕྱད་ནི་འདུག།
གཉེན་རང་གི་རྩ་བར་ཕྱད་ནི་འདུག
།ལས་གནམ་བསྐོས་སྔ་མའི་སྨོན་ལམ་འབདན།།
སྔོན་སྨོན་ལམ་བཏབ་རུང་འཛོམས་མ་ཚུགས།
།ལས་གནམ་བསྐོས་བསམ་པའི་རེ་བ་འབདན།།
ལོག་ཕྱད་རུང་སོ་སོར་འགྱོ་དགོ་པས།
།ལོག་ཕྱད་རུང་སོ་སོར་འགྱོ་དགོ་པས།།
གནམ་བསྐོས་གནམ་བསྐོས་ཟེར་མི་འདི།
།བུམོ་རང་གིས་རྩ་ལས་ཧ་མ་གོ།
No comments:
Post a Comment