Sunday, March 1, 2020

Si Si Chum from Ruebi Nyaka Phushay


༼སི་སི་ཕྱུགམོ༽
གློག་བརྙན། རུད་པའི་ཉ་ཀ་ཕུ་ཤེས།
གླུ་ཚིག་རྩོམ་མི། སློབ་ཀུན་ལེགས་རྒྱལ་མཚན།

ཧིང་ཁར་ལུ། །ན་ཟུག་ཡོད། །ནད་དང་གདོན་གྱི་ན་ཟུག་མེན། །
ཡར་མ་སོང་། །སྡོད་གནང་མས། །བུ་ཁྱོད་མེད་པའི་ན་ཟུག་ཨིན། །

ཚེ་ཧེ་མའི་ལས་འཕྲོ་རྒྱ་ཆེཝ་ལས། །བར་རྐྱེན་དང་བར་ཆད་ཐོན་རུང་ར། །
ཞལ་ཡར་ཚེས་དཀར་གསལ་ཟླཝ། །ལོག་མཐོང་ཚེ་སེམས་རེ་དགའ་བས། །
ཟམོ་བུ་མོའི་ལུས་དང་སེམས། །ཚེ་གཅིག་གི་གཏམས་བཞག་རྐྱབ་དོ། །

ཁ་ཚིག་བཞག །དམ་ཚིག་བསྟེན། །ང་དང་ཁྱོད་གི་བར་ན་ལུ། །
གཡས་ལས་ཤོག །གཡོན་ལས་ཤོག །ཚེ་གཅིག་ཕང་མར་བཏབ་པར་ཤོག །

ཁྱོད་མི་ཡི་ལུས་ལས་སྐྱེས་རུང་ར། །ངེའི་སེམས་ལུ་ཐེ་ཚོམ་ཆགསཔ་སྨེ་ས། །
ཡར་ལྷ་ཡུལ་ཞིང་ཁམས་ལས། །ནཱ་འཇིག་རྟེན་གཟིགས་པར་མེན་ན། །
སེམས་ཐེ་ཚེམ་ཆགས་མི་འདི། །ལྟཝ་མིག་གཞི་མཐུན་པ་ལེགས་སོ། །

འགྱུར་མ་སོང་། །ཡལ་མ་སོང་། །ནམ་ཟླ་དུས་ཀྱི་མེ་ཏོག་བཟུམ། །
སེམས་ཁར་བཞག །བརྟན་པར་ཞུགས། །རྡོ་གུ་བྲིས་བའི་རི་མོ་བཟུམ། །

རྒྱུ་ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ། །ཞལ་ལེགས་ངོ་ལྷ་ཡི་བུ་མོ་བཟུམ། །
བུ་བསོད་ནམས་ཆུང་རུང་ར། །ཚེ་ལན་གཅིག་སྐལ་བ་བཟང་ནུག །
བློ་དཀོན་མཆོག་གསུམ་ལུ་གཏད། །འཛོམས་བྲལ་བ་མེད་པར་སྡོད་གེ །
བློ་དཀོན་མཆོག་གསུམ་ལུ་གཏད། །འཛོམས་བྲལ་བ་མེད་པར་སྡོད་གེ །

No comments:

Post a Comment