Wednesday, April 8, 2020

Lo Ngo Rey Rey from Bardoi Namshey


༼ ལོ་ངོ་རེ་རེ ༽
གློག་བརྙན། བར་དོའི་རྣམ་ཤེས།

མེ་ཏོག་རེ་རེ་ཤརཝ་ད་ལུ། །གསེར་སྦྱང་རེ་རེ་དགའཝ་མས་སྨོ། །
ངེ་གི་གནམ་བསྐོས་ཁྱོད་མེན་ན། །ཁྱོད་ཀྱི་ལས་འཕྲོ་ང་མེན་ན། །
ཧིང་གཏམ་རེ་རེ་བཤདཔ་ད་ལུ། །ཚོར་བ་རེ་རེ་བྱུངམ་མས་སྨོ། །
ངེ་གི་གནམ་བསྐོས་ཁྱོད་མེན་ན། །ཁྱོད་ཀྱི་ལས་འཕྲོ་ང་མེན་ན། །

མི་ཚེ་རེ་རེ་རྫོགསཔ་ད་ལུ། །བག་ཆགས་རེ་རེ་ལུསཔ་མས་སྨོ། །
བརྩེ་བ་རེ་རེ་སྐྱེདཔ་ད་ལུ། །དགའ་བ་རེ་རེ་བྱུངམ་མས་སྨོ། །
ངེ་གི་གནམ་བསྐོས་ཁྱོད་མེན་ན། །

ཕང་མར་རེ་རེ་བཏབ་ད་ལུ། །བདེ་བ་རེ་རེ་བྱུངམ་མས་སྨོ། །
དགའ་འཛུམ་རེ་རེ་སྟོནམ་ད་ལུ། །ཆགས་པ་རེ་རེ་འཕྱེལཝ་མས་སྨོ། །
ཆགས་པ་རེ་རེ་འཕྱེལཝ་མས་སྨོ། །

རྣམ་འགྱུར་རེ་རེ་སྟོནམ་ད་ལུ། །བསམ་དོན་རེ་རེ་འཆརཝ་མས་སྨོ། །
ངེ་གི་གནམ་བསྐོས་ཁྱོད་མེན་ན། །ཁྱོད་ཀྱིས་ལས་འཕྲོ་ང་མེན་ན། །
ལོ་ངོ་རེ་རེ་རྫོགསཔ་ད་ལུ། །དུས་སྟོན་རེ་རེ་བརྩི་གེ་སྨོ། །
ངེ་གི་གནམ་བསྐོས་ཁྱོད་མེན་ན། །ཁྱོད་ཀྱིས་ལས་འཕྲོ་ང་མེན་ན། །

Friday, April 3, 2020

Cheyri Tangmey from Chador the super child

༼དཔྱད་རིག་གཏངམ་མས༽
གློག་བརྙན། ཕྱག་རྡོར་The Super Child
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།

དཔྱད་རིག་ཅིག་གཏང་སྟེ་བལྟཝ་ད། །ཁྱོད་བཟུམ་ཅིག་ཧེ་མ་མཐོང་མ་མྱོང་པས། །
ངེའི་སྦོ་ལོགས་སྦོ་ལོགས་ངེའི་རྩ་བར་རྩ་བར། །ངེའི་སེམས་ལས་ཐག་རིང་སར་ཡར་མ་སོང་། །

ཡར་གནམ་ཁའི་ས་སྨུག་ཡལཝ་མས། །མར་མེ་ཏོག་པདྨ་སྐམ་མས། །
ས་འཛམ་གླིང་ག་ར་གྱུར་རུང་། །
ངེའི་སེམས་འདི་ཨའེ་འགྱུར་ནི་ཨའེ་མེད་པའི་ཁས་བླངས་དམ་བཅའ་ཁྱོད་ལུ་ཡོད། །
དཔྱད་རིག་ཅིག་གཏང་སྟེ་བལྟཝ་ད། །

གནམ་དུས་བཞི་འགྱུར་ཏེ་འགྱོཝ་མས། །ཡར་དཀར་གསལ་གྲིབ་སྟེ་འགྱོཝ་མས། །
མི་ག་ར་བློ་སེམས་འགྱུར་རུང་། །
ངེའི་སེམས་འདི་ཨའེ་འགྱུར་ནི་ཨའེ་མེད་པའི་ཁས་བླངས་དམ་བཅའ་ཁྱོད་ལུ་ཡོད། །
དཔྱད་རིག་ཅིག་གཏང་སྟེ་བལྟཝ་ད། །

ལས་གནམ་བསྐོས་གནམ་བསྐོས་ཟེར་རུང་། །ཨའེ་མ་པ་གཙོ་བོ་སེམས་ར་ཨིན་པས། །
ངེའི་སྦོ་ལོགས་སྦོ་ལོགས་ངེའི་རྩ་བར་རྩ་བར། །ངེའི་སེམས་ལས་ཐག་རིང་སར་ཡར་མ་སོང་། །

Friday, March 20, 2020

Majo Majo from Bardoi Namshey

༼མ་འགྱོ་མ་འགྱོ།༽
གློག་བརྙན། བར་དོའི་རྣམ་ཤིས།

མ་འགྱོ་མ་འགྱོ་ང་བཀོ་བཞག་སྦེ་མ་འགྱོ། །སྡོད་གནང་སྡོད་གནང་དུས་རྟག་བུ་ང་དང་ཆ་སྟེ་སྡོད་གནང། །
གཟུགས་མཐོང་ནི་མེད་པའི་བར་དོའི་གཡུས་ལུ། །སེམས་རྣམ་ཤེས་ང་རང་འཁོར་བར་འཁྱམ་ནི་མས། །
ང་དང་ཆ་སྡོད་གནང་སྡོད་གནང། །ང་དང་ཆ་སྡོད་གནང་སྡོད་གནང་མས། །

སེམས་བལ་ལས་ཡངམ་ལས་མ་འགྱོ་ཐབས་མིན་ནུག །ལུས་དམ་ཚིག་ལྕགས་ལས་བཙན་རུང་སྡོད་དབང་མེད། །
བར་ཆད་མ་བྱུང་ན། ལོག་འཕྱད་པའི་སྨོན་ལམ་བཏབ་དོ་སྨོ།
བར་ཆད་མ་བྱུང་ན། ལོག་འཕྱད་པའི་སྨོན་ལམ་བཏབ་དོ་སྨོ།

མ་སྔུ་མ་སྔུ་བུམོ་ཁྱོད་སྔུཝ་ད་ངེའི་སེམས། །མ་ཆགས་མ་ཆགས་བུང་དོན་ཧིང་ནང་ལུ་རྩ་ལས་མ་ཆགས། །
ལགཔ་གཡས་ལུ་གཟུང་པའི་རང་བ་གཅིག་ཡང་མིན་ནུག །གཉེན་འབད་རུང་འགོར་བའི་ཐབས་ཤེས་གཅིག་ཡང་མ་བྱུང། །ང་དང་ཆ་སྡོད་གནང་སྡོད་གནང། །ང་དང་ཆ་སྡོད་གནང་སྡོད་གནང་མས། །

ཁྱོད་བལྟ་བའི་མི་ཚེ་མཐའ་མ་ཨིན་མས་སྨོ། །ཕངམ་བཏབ་པའི་དགའ་སྤྲོ་མཐའ་མཇུག་ད་རིས་མས། །
མི་ཚེ་ཤུལ་མ་ཡང། གཉེན་གྲོགས་སྦེ་འཛོམས་པའི་སྨོན་ལམ་ཡོད།
མི་ཚེ་ཤུལ་མ་ཡང། གཉེན་གྲོགས་སྦེ་འཛོམས་པའི་སྨོན་ལམ་ཡོད།

Gachi Bay Ein Na Mo from Ninda Drakpa


༼ག་ཅི་འབད་ཨིན་ན་སྨོ༽
གློག་བརྙན། ཉི་ཟླ་གྲགས་པ།
གླུ་ཚིག་རྩོམ་མི།   གར་སརཔ་དམ་ཆོསབསྟན་འཛིན།

སློབ་དཔོན་གྱི་སྟོན་སྟོནམ་ཡང་མེན། །ཕ་མ་གི་བསླབ་བྱ་ཡ་མེན། །
བུ་ཚུ་ཁྱོད་ལུ་དགའ་ནི་འདི། །ནད་གཞི་ཅིག་རང་ཨིན་ན། །
གདོན་གྱིས་དཀྲུགསཔ་ཡང་མེ་ན། །དྲག་ནི་སངས་ནི་མིན་འདུག་སྨོ། །
གཏན་གཏན་ཅིག་ཤེས་ར་མ་ཚུགས། །

སེམས་ལུ་གཡང་ཟ་ནི་དང་། །གཟུག་ལས་ཚདཔ་འཐོན་ནི་ཚུ། །
ཁྱོད་ཀྱི་བརྩ་བར་ལྷོདཔ་ད་འབདཝ་མས། །བུམོ་ཁྱོད་ལྷ་དང་འདྲ་རུང་ར། །
ཁྱོད་ཀྱི་རྩ་བ་ལྷོདཔ་ད་ལུ། །སེམས་ལུ་འདྲོག་བྱེལ་ལང་སྟེ་འོངམ་མི། །
ག་ཅི་འབད་ཨིན་ན་སྨོ། །ག་ཅི་འབད་ཨིན་ན་སྨོ། །

མཐོང་ས་ཡོད་རུང་ལོག་ཅི་ལོག་ཅི་ར། །བལྟ་དགོ་མནོ་བའི་ན་ཟུག་ཕོགཔ་མི་འདི། །
ག་ཅི་འབད་ཨིན་ན་སྨོ། །རྟག་བུ་གནའ་བུ་ཁྱོད་ཀྱི་ཕངས་མ། །
ཧིང་གཏམ་བཤད་དེ་སྡོད་པའི། །གོ་སྐབ་མ་ཐོབ་རུ་ར་ཁེ་མེད། །
ང་གིས་ཁྱོད་ལུ་དགའ་ཟེར། །ཁྱོད་ཀྱིས་ཧ་གོན་བཏུབ་མས། །
རོགས་གཞན་ལས་ལྷབ་ལྷབ་ཡ་མེན། །ཁ་བདེཝ་གུ་ལྕེ་བཀལཝ་ཡང་མེན། །
བུ་ཚུ་ཁྱོད་ལུ་དགའ་ནི་འདི། །ནད་གཞི་ཅིག་རང་ཨིན་ན། །
གདོན་གྱིས་དཀྲུགསཔ་ཡང་མེན་ན། །དྲག་ནི་སངས་ནི་མིན་འདུག་སྨོ། །
གཏན་གཏན་ཅིག་ཤེས་ར་མ་ཚུགས། །

ཁྱོད་ལུ་ཧིང་གཏམ་བཤད་ནི་ཚུ། །ཁྲི་དང་འབུམ་སྦེ་མནོ་འདི་གིས། །
ཁྱོད་ཀྱི་རྩ་བ་ལྷོད་འདི་འབད་རུ། །ཨ་ཙ་ར་གི་སྤོབས་བཟུམ་ཅིག །
མེད་པའི་སྟབས་ཀྱི་ཨིན་ན་སྨོ། །གོངམ་གྱི་སྐུ་མདུན་བཟུམ་སྦེ་འབད་མི། །
ག་ཅི་འབད་ཨིན་ན་སྨོ། །ག་ཅི་འབད་ཨིན་ན་སྨོ། །

Baakchha from Ninda Drakpa


༼བག་ཆགས༽
གློག་བརྙན། ཉི་ཟླ་གྲགས་པ།
གླུ་ཚིག་རྩོམ་མི། གར་སརཔ་དམ་ཆོསབསྟན་འཛིན།

ངེའི་སེམས་ཀྱི་སེམས་རྟེན་འབདཁྱོད་གདམ་ཁ་རྐྱབ་དཔ་ཨིནམ།།
ཁྱེད་གཡུས་མི་གདང་རས་ཁྱིམ་ཚང་ཚུ་གིས་མི་ཤེས།།
ངེ་ཧིང་གི་གདིང་ལས་ར་ཁྱོད་ལུ་ཕངས་པའི་སེམས་ཡོདཔ།།
ཁོང་གཡུས་མི་གདང་རས་ཁྱིམ་ཚང་ཚུ་གིས་མི་ཤེས།།
ང་བཅས་གཉིས་ཀུ་གཡིབ་ཅི་གཡིབ་ཅི་སྡོད་དགོ་རུང་།།
མི་ག་དང་ག་གིས་ཡང་བར་ན་དཀྲོག་མི་ཚུགས་མས།།
ཁྱོད་ཀྱི་ང་ལུ་དགའ་བའི་སེམས་ར་ཡོདན།།
བུམོ་ང་མི་གི་གདོང་ཁར་མ་སྟོན་པར།།
རོགས་ལས་གསང་སྟེ་གཡིབ་སྟེ་བཞག་ད་རུང་།།
ང་ལུ་སྣང་དག་བསྐྱེད་དགོཔ་རྩ་ལས་མེད།།
ངེའི་སེམས་ཀྱི་ཁྱོད་ལུ་ཧིང་ལས་རང་དགའ་མས།།

ཁྱོད་སེམས་ཁར་དྲན་ཚུགས་འབད་གཚེ་ཧེ་མའི་བག་ཆགས།།
རྟེན་བཟང་པོའི་སྐུ་མདུན་ལུ་འབད་སྨོན་ལམ་བཏབ་མི་ཚུ།།
ཁྱོད་དཔྱད་རིག་བཏང་ཚུགས་འབད་གཚེ་ཧེ་མའི་ལན་ཆགས།།
གཅིག་གིས་གཅིག་ལུ་ཁ་ཚིག་ལེ་ཤ་བཞག་མི་འདི་ཚུ།།
ང་བཅས་གཉིས་ཀྱིས་བར་ན་ལས་དང་གནམ་བསྐོས་འདི།།
ཚེ་རབས་གྱངས་ཁ་མེདཔ་ཅིག་བསྒང་ལས་རང་ཨིན་མས་ན།།
དཀོན་མཆོག་སྐྱབས་དང་ཐུགས་རྗེ་གཟིགས་གནང་ལགས།།
མི་ཚེ་འདི་ལུ་བར་ཆད་འབྱུང་མ་བཅུག།
བུ་ཁྱོད་མེད་པའི་འཛམ་གླིང་འདི་ནང་ལུ།།
བུམོ་ང་སྡོད་རུང་མི་ཚེ་སྟོང་ལོག་ཨིན།།
ངེའི་སེམས་ཀྱི་ཁྱོད་ལུ་ཧིང་ལས་རང་དགའ་མས།།

Monday, March 16, 2020

Nge Jarim Nge Sarim from Super Star


༼ངེའི་འཇའ་རིསམོ་ངེའི་གསར་རིསམོ
གླུ་ཚིག་རྩོམ་མི། དྲུང་ཚོ་ཤེས་རབ་རྡོ་རྗེ།
 གློག་བརྙན་་་་སུ་པར་ཨིས་ཊར།

ཁྱོད་གཟུགས་མིའི་ལུས་སུ་མ་སྐྱེས་བ་ཅིན། །གསར་རིསམོ་ཟེར་བའི་ཚིག་ཡང་མ་བྱུངམ་འོང་། །
ངེའི་གསར་རིསམོ། །ངེའི་གསར་རིསམོ། །ངེའི་གསར་རིསམོ། །ངེའི་གསར་རིསམོ།།

ཁྱོད་གཟུགས་མིའི་ལུས་སུ་མ་སྐྱེས་བ་ཅིན། །འཇའ་རིསམོ་ཟེར་བའི་ཚིག་ཡང་མ་བྱུངམ་འོང་། །
ངེའི་འཇའ་རིསམོ། །ངེའི་འཇའ་རིསམོ། །ངེའི་འཇའ་རིསམོ། །ངེའི་འཇའ་རིསམོ། །

སེམས་ཆགས་པའི་ཕྱག་རྒྱ། །སྭོ་ཡ་ལ་་ལེགས་པས་ས་གཡུག་ད་ས། །
སེམས་ཤོར་བའི་ཧིང་གཏམ། །སྭོ་ཡ་ལ་་ཧན་པས་ས་བཤད་ད་ས། །
ཕྱག་རྒྱ་གཡུག་ས་སྨན་ཆུང་བུམོ། །ཧིང་གཏམ་བཤད་ས་སྟག་ཤར་གཞོནམ། །

སྤང་མེ་ཏོག་ལེགས་པའི་སྦབ་ཅུང་འདི། །གནམ་སེར་ཁའི་དུས་ལུ་ཡལ་བར་ཕངས། །
ཁྱོད་སྨན་ཆུང་ལེགས་པའི་མེ་ཏོག་འདི། །གནམ་བྱཱར་དགུན་མེད་པར་ཤརཝ་མས་སྨོ། །
ཁྱོད་སྟག་ཤར་ལེགས་པའི་མེ་ཏོག་འདི། །གནམ་བྱཱར་དགུན་མེད་པར་ཤརཝ་མས་སྨོ། །

སྤང་མེ་ཏོག་ལེགས་པའི་སྦབ་ཅུང་འདི། །གནམ་སེར་ཁའི་དུས་ལུ་ཡལ་བར་ཕངས། །
ཁྱོད་སྟག་ཤར་ལེགས་པའི་མེ་ཏོག་འདི། །གནམ་བྱཱར་དགུན་མེད་པར་ཤརཝ་མས་སྨོ། །
ཁྱོད་སྨན་ཆུང་ལེགས་པའི་མེ་ཏོག་འདི། །གནམ་བྱཱར་དགུན་མེད་པར་ཤརཝ་མས་སྨོ། །

ཁྱོད་དང་འགྱོ་བའི་ལམ་ཁར་མ་ཕྱད་པ་ཅིན། །འཇིག་རྟེན་དགའ་བའི་དགའ་སྤྲོ་མ་ཚོར་འོང་། །
ཁྱོད་གཟུགས་བལྟ་བའི་མིག་ཁར་མ་མཐོང་པ་ཅིན། །ངེའི་སེམས་ཆགས་པའི་ན་ཟུག་མ་མྱོངམ་སྨོ། ། 
ངེའི་གསར་རིསམོ། །ངེའི་གསར་རིསམོ། །ངེའི་འཇའ་རིསམོ། །ངེའི་འཇའ་རིསམོ། །

སེམས་ཆགས་པའི་ཕྱག་རྒྱ། །སྭོ་ཡ་ལ་་ལེགས་པས་ས་གཡུག་ད་ས། །
སེམས་ཤོར་བའི་ཧིང་གཏམ། །སྭོ་ཡ་ལ་་ཧན་པས་ས་བཤད་ད་ས། །
ཕྱག་རྒྱ་གཡུག་ས་སྨན་ཆུང་བུམོ། །ཧིང་གཏམ་བཤད་ས་སྟག་ཤར་གཞོནམ། །

Ham Thae Thae from Nge Agay


༼ཧམ་ཐལ་ཐལ༽
གླུ་ཚིག་རྩོམ་མི། ཤར་ཀུ་ཀུ།
གློག་བརྙན། ངེའི་ཨ་རྒས།

 དགའ་བའི་སེམས་ཀྱི་ཆགས་པ་ཁྱོད་ལུ་ཆེ་རུང་།།
རྩུབ་པའི་གཏམ་གྱིས་ངེའི་སེམས་ཨའེ་བསད་དབ་མས།།
ཁྱོད་ཙིག་པའི་གདོང་གི་པར་གཞི་དེ་འབད་མ་བཏོན།།
བུམོ་ངེའི་སེམས་ཀྱི་ལྡེབ་རིས་ཚུ་སྤྱན་ཆབ་ཤོརཝ་མས།།

ཡར་ལྷའི་ཞིང་ཁམས་ཨའེ་བརྒྱ་སྟོང་གི་བཀོད་པ།།
ང་ལས་སྒྲིབ་དག་ནུག་བུམོ་ཁྱོད་གདོང་ལུ་མཇལ་ཡི།།
སེམས་ཆགས་པའི་དད་པ་ཡང་།།
བུམོ་ཁྱོད་ལུ་བསྐྱེད་ཡར་སོའི།།
ཚེ་འདི་གི་ཤུལ་མ་འབད་རུང་ར།།
ངེའི་སེམས་ཀྱི་ཁྱོད་རང་ཨིན།།
མ་ཤོརན་ཤོར་བའི་ངེའི་སེམས་འདི་སྨོ།།
བུ་ཁྱོད་ཀྱི་དགའ་འཛུམ་འདི་ལུ་ཤོར།།
མ་ཕངསན་ཕངས་པའི་བུམོ་ངེ་སེམས་འདི།།
བུ་ཁྱོད་ཀྱི་ཚེ་དང་སྲོག་ལུ་ཕངས།།

སྤངས་མ་ཚུགས་བུམོ་ཁྱོད།།
ངེའི་མིག་ཏོ་གིས་མཐོངམ་ད།།
སེམས་ཚ་གྱང་ལངམ་མས།།
ཁྱོད་ཐགས་རིང་ས་སྡོདཔ་ད།།
ཚེ་འདི་གི་གཉེན་གྲོགས་ཁྱོད་
ངེའི་སྲོག་གི་བདུད་རྩི་མས།།
ཁྱོད་མེད་ཐབས་མེདཔ་ཅིག་ཨིན་མས་ས།།
ང་ག་འགྱོ་ཁྱོད་ཀྱིས་འོང་གནང་མས།།
མ་འཕྱདན་ཕྱད་པའི་ངེའི་གཉེན་གྲོགས་ཁྱོད།།
ཁྱོད་མེད་པ་ང་ཡང་ཧམ་ཐེ་ཐེ།།
མ་སྡོདན་སྡོད་པའི་མི་ཚེ་ཐུང་ཀུ་ནང་།།
ཐང་ཆད་རུང་ཁྱོད་ཀྱི་སྒོ་ཁར་སྐྱིད།།

བརྩེ་བའི་སེམས་ཀྱི་ལྟག་ལྐོག་སྐྱོར་ས་ཡོད་རུང་།།
ཆགས་པའི་སྡིག་པ་ཁྱོད་ཀྱིས་ཨའེ་བསགས་བཅུགསཔ་མས།།
ཁྱོད་འཛམ་བུ་གླིང་ནང་མེད་པ་ཅིན་བུམོ་ང་ཡང་།།
ཚེ་གཅིག་གངས་ཁྲོད་རི་ཁྲོདཔ་འབད་སྡོད་གོ་ནི་མས།།

ཁྱོད་དེ་འབད་མ་སླབ་ངེའི་ལུས་སེམས་ཀྱི་དཔོན་མོ།།
དམ་ཚིག་གི་ཕྱག་མཇལ་ང་ག་ལུ་ཅིག་ཕུལ་ནི།།
ཁྱོད་བཟུམ་ཅིག་མེད་པ་ཅིན།།
ང་སྡོད་རུང་ཁུངས་ཅིག་མེད།།
ཁྱོད་ད་རང་སྡོད་ནི་ཡོད་པ་ཅིན།།
གནས་གདམ་ཁ་རྐྱབ་དགོཔ་མེད་ནི་མས།།

Chhoe Karsel Dawa Maenru from Yoebum Yeatsho

ཁྱོད་དཀར་གསལ་ཟླ་བ་མེན་རུང་
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།
གློག་བརྙན། འོད་འབུམ་འོད་མཚོ།

ཁྱོད་དཀར་གསལ་ཟླ་བ་མེན་རུང་། །ཁྱོད་དགའ་འཛུམ་འཇའ་བས།།
ཁྱོད་དབྱངས་ཅན་ལྷ་མོ་མེན་རུང་། །ཁྱོད་གསུངས་སྐད་ཧན་པས།།
ཁྱོད་ལེགས་པའི་མེ་ཏོག་མེན་རུང་། །ཁྱོད་ངོ་རིས་འཇའ་བས།།
ཁྱོད་རྩ་རི་སྨྱུག་མ་མེན་རུང་། །ཁྱོད་གཟུགས་གཞི་ལེགས་པས།།

ཁྱོད་མེད་པ་ཅིན། །སེམས་ཡོད་རུང་མནོ་བསམ་གཏང་སའི་ལཱ་མིན་འདུག།
ཁྱོད་མེད་པ་ཅིན། །ཁ་ཡོད་རུང་གསང་གཏམ་སླབ་སའི་དོན་མིན་འདུག།
ཁྱོད་མེད་པ་ཅིན། །ཡི་གུ་ཡོད་རུང་ཧིང་གཏམ་བྲིས་སའི་གཞི་མིན་འདུག།

ཧིང་གཏམ་མ་ཤོར་རང་ཤོར། །དམ་ཚིག་མེ་ཏོག་རུ་རུ།།
ཧིང་གཏམ་མ་ཤོར་རང་ཤོར། །དམ་ཚིག་མེ་ཏོག་རུ་རུ།།
ལགས་སོ་ཧོ་་་་་ ལགས་སོ་ཧོ་་་་་
ལགས་སོ་ཧོ་་་་་ ལགས་སོ་ཧོ་་་་་
ཁྱོད་ལེགས་པའི་མེ་ཏོག་མེན་རུང་། །ཁྱོད་ངོ་རིས་འཇའ་བས།།
ཁྱོད་རྩ་རི་སྨྱུག་མ་མེན་རུང་། །ཁྱོད་གཟུགས་གཞི་ལེགས་པས།།
ཁྱོད་དཀར་གསལ་ཟླ་བ་མེན་རུང་། །ཁྱོད་དགའ་འཛུམ་འཇའ་བས།།
ཁྱོད་དབྱངས་ཅན་ལྷ་མོ་མེན་རུང་། །ཁྱོད་གསུངས་སྐད་ཧན་པས།།

ཁྱོད་མེད་པ་ཅིན། །ཚེ་རིང་རུང་མཉམ་ཅིག་སྡོད་པའི་གྲོགས་མིན་ནུག།
ཁྱོད་མེད་པ་ཅིན། །ལགཔ་ཡོད་རུང་ཕང་མར་བཏབ་ནིའི་མི་མིན་ནུག།
ཁྱོད་མེད་པ་ཅིན། །རྐངམ་ཡོད་རུང་མཉམ་ཅིག་འགྱོ་སའི་ས་སྒོ་མེད།།

ཧིང་གཏམ་མ་ཤོར་རང་ཤོར། །དམ་ཚིག་མེ་ཏོག་རུ་རུ།།
ཧིང་གཏམ་མ་ཤོར་རང་ཤོར། །དམ་ཚིག་མེ་ཏོག་རུ་རུ།།
ལགས་སོ་ཧོ་་་་་ ལགས་སོ་ཧོ་་་་་
ལགས་སོ་ཧོ་་་་་ ལགས་སོ་ཧོ་་་་་
ལགས་སོ་ཧོ་་་་་ ལགས་སོ་ཧོ་་་་་

Boom Shelcham from Dhuerap Chupa


བུམོ་ཤེལ་ལྕམ༽
རྩོམ་སྒྲིག་འབད་མི། ཀརྨ་ཕུན་ཚོགས།
གློག་བརྙན། དུས་རབས་བཅུ་པ།


བུམོ་ཤེལ་ལྕམ་སྒྲོལ་མའི་གསུང་སྐད་གོཝ་ད་ལུ། །སྟེང་ལྷ་དང་ཀླུ་ཡི་བུཚ་ཚུ་གི་སེམས་ཡང་ཨའེ་དཀྲོག་ནི་མས།།
གླིང་གེ་སར་རྒྱལ་པོའི་ཞལ་རས་མཇལཝ་ད་ལུ། །སྟེང་ལྷ་དང་ཀླུ་ཡི་བུམོ་ཚུ་གི་སེམས་ཡང་ཨའེ་དཀྲོག་ནི་མས།།
ཁྱོད་དགའ་བའི་བརྩེ་གདུང་ང་ལུ་གསོལ་རས་གནང་།།
སྭོ་་་་ལུས་འཇའ་བའི་རྨ་བྱ་བྲོ་འཁྲབ་མི་འདི། །ལུས་མཛེས་པའི་རྣམ་འགྱུར་སྟོན་མི་འདི་ཁྱོད་མེད་ན།།
ཁྱོད་ལེགས་པའི་དགའ་འཛུམ་སྟོན་གནང་མས་ངེའི་ཤེལ་ལྕམ་མ། །ང་སྤང་གཤོང་བདེ་མོར་ཨའེ་སྐྱེས་པ་ལས།།
དྲི་ཞིམ་པའི་མེ་ཏོག་སྦྲང་རྩི་འདི། །ཁྱོད་སེརཔ་སྦྱངམ་ང་ལུ་ཨའེ་འཁོར་མི་ལུ། །སེམས་སྤྲོ་བའི་ངང་ལས་བྱིན་ནི་ཨིན།།
བུམོ་ཤེལ་ལྕམ་སྒྲོལ་མའི་གསུང་སྐད་གོཝ་ད་ལུ། །སྟེང་ལྷ་དང་ཀླུ་ཡི་བུཚ་ཚུ་གི་སེམས་ཡང་ཨའེ་དཀྲོག་ནི་མས།།
གླིང་གེ་སར་རྒྱལ་པོའི་ཞལ་རས་མཇལཝ་ད་ལུ། །སྟེང་ལྷ་དང་ཀླུ་ཡི་བུམོ་ཚུ་གི་སེམས་ཡང་ཨའེ་དཀྲོག་ནི་མས།།
ཁྱོད་དགའ་བའི་བརྩེ་གདུང་ང་ལུ་གསོལ་རས་གནང་།།
སྭོ་་་ཡར་ཙན་དན་མགུ་ལུ་ཁུ་བྱུག་སྔོན་མའི། །ཨའེ་སྙན་པའི་གླུ་དབྱངས་འཐེན་མི་ཚུ་ཁྱོད་ལུ་ཕུལ།།
ཨའེ་དབྱངས་ཅན་ལྷ་མོའི་བྱིན་རླབས་ཡང་འཇུག་བཅུག་ནི་ཨིན།།
དགུང་ཁྲི་གདུགས་ཉི་མ་འདི། །འཛམ་གླིང་གི་རྒྱན་ཆ་བཟུམ། །ཁྱོད་ངེ་གི་རྒྱན་ཆ་སྦེ་བཞུགས་གནང་།།
ཕར་མཛེས་པའི་མེ་ཏོག་འདི། །ཨའེ་ཀུན་གྱི་རྒྱན་ཆ་བཟུམ། །ཁྱོད་ངེ་གི་རྒྱན་ཆ་སྦེ་བཞུགས་གནང་།།
དགུང་ཁྲི་གདུགས་ཉི་མ་འདི། །འཛམ་གླིང་གི་རྒྱན་ཆ་བཟུམ། །ཁྱོད་ངེ་གི་རྒྱན་ཆ་སྦེ་བཞུགས་གནང་།།

Saturday, March 7, 2020

Kezangla (Remix)

༼སྐལ་བཟང་ལ

སྐལ་བཟང་ལ་སྐལ་བཟང་ཡ་ལ་ཆོས་ལ་འགྲོ། །སྐལ་བཟང་ལ་སྐལ་བཟང་ཡ་ལ་ཆོས་ལ་འགྲོ།།
སྐལ་བཟང་ལ་སྐལ་བཟང་ཡ་ལ་ཆོས་ལ་འགྲོ། །གདན་ས་ལ་གསུམ་པ་མི་ཆགས་གསུམ་པ་ཆགས།
གདན་ས་ལ་གསུམ་པ་སྤུངས་ཐང་བདེ་ཆེན་ཆགས།གདན་ས་ལ་གསུམ་པ་སྤུངས་ཐང་བདེ་ཆེན་ཆགས།
དགོན་པའི་ལ་མཚན་ཡང་སྤུངས་ཐང་བདེ་ཆེན་ཟེར།བླ་མའི་ལ་མཚན་ཡང་ངག་དབང་རྣམ་རྒྱལ་ཞུ།
བླ་མའི་ལ་མཚན་ཡང་ངག་དབང་རྣམ་རྒྱལ་ཞུ།

བུ་མོ་ང་དང་སྤང་སྟོད་ལ་ཤ་བ་འདྲ་ལ།ཤ་བ་དུང་རྭ་ལས་ཀྱི་ལ་འཁོར་བ་འདྲ་ལ།
ཤ་བ་དུང་རྭ་ལས་ཀྱི་ལ་འཁོར་བ་འདྲ་ལ།ལྷ་ཆོས་བྱེད་པ་རང་ལ་ལ་གནད་དགོས་མེ་ལ།
ཉེ་གནས་དེ་འདྲ་མ་གསུངས་ལ་མཇལ་ཁ་ཐོངཉེ་གནས་དེ་འདྲ་མ་གསུངས་ལ་མཇལ་ཁ་ཐོང

ཁ་བ་ཆགས་ཆགས་གངས་ལུ་ཆགས།གངས་མེད་ན་ཁ་བ་ཆགས་ས་མེད།
གངས་མེད་ན་ཁ་བ་ཆགས་ས་མེད།བྱ་ཁུ་བྱུག་ཆགས་ཆགས་ཤིང་ལུ་ཆགས།
ཤིང་མེད་ན་ཁུ་བྱུག་ཆགས་ས་མེད།ཤིང་མེད་ན་ཁུ་བྱུག་ཆགས་ས་མེད།
ཤ་བ་འཁྱམ་འཁྱམ་སྤང་ལུ་འཁྱམ།སྤང་མེད་ན་ཤ་བ་འཁྱམ་ས་མེད།
སྤང་མེད་ན་ཤ་བ་འཁྱམ་ས་མེད།

ལྷོ་མོན་ལ་ལྷོ་མོན་གསེར་གྱི་རི་ལ།ལྷོ་མོན་ལ་ལྷོ་མོན་གསེར་གྱི་རི་ལ།
བསོ་ན་ལ་ལྟ་བང་མཛོད།བང་མཛོད་ལ་མེ་ཏོག་རེ་རེ་འཁྲུངས།
ལྕང་ཐང་གླིང་ལྟ་གླིང་ལ།གླིང་སེ་མ་ལ་རུ་རུ།
གླིང་སེ་ལ་མེ་ཏོག་རེ་རེ་འཁྲུངས།ལྕང་ཐང་གླིང་ལྟ་གླིང་ལ།
གླིང་སེ་མ་ལ་རུ་རུ།གླིང་སེ་ལ་མེ་ཏོག་རེ་རེ་འཁྲུངས།

Chum Tsang Chhu Jungsai Kaa Gu Lay

ཆུམོ་གཙང་ཆུ་འབྱུང་སའི་རྐ་མགུ་ལས
  
ཆུམོ་གཙང་ཆུ་འབྱུང་སའི་རྐ་མགུ་ལས།  །ཤིང་མི་སྐྱེ་མནོ་བ་ལ་ཤིང་ཅིག་སྐྱེས།།
བྱ་མི་འཁོར་མནོ་བ་ལ་བྱ་ཅིག་འཁོར།   །རང་ཤིང་དང་བྱི་ཅུང་གཉིས་ཀུ་སྨོ།།
རང་སྔོན་ཐོག་ཕྱད་པའི་ལ་བསྒང་ལས་རང་།    །ཨའེ་མི་འབྲལ་གཏམ་གྱི་ལ་ཁ་ཚིག་ཡོད།།
རང་རླུང་མ་གཡོ་སྒྱུ་གང་ཚེ་སྨོ།  །ཨའེ་མ་བྲལ་བྱ་ཐབས་ལ་མིན་འདུག་ལོ།།

ཡར་རྩེ་མོ་རླུང་གིས་དཀྲོགས་ཏེ་གིས།   །ཨའེ་བྱི་ཅུང་བོད་ཁམས་ལ་སྐོར་དོ་ལོ།།
མར་རྩ་བ་ཆུ་གིས་འཁྱིལ་ཏེ་གིས། །རྩཝ་ཡལ་འདབ་རྒྱ་ཡུལ་ལ་སྐོར་དོ་ལོ།

རྩེམོ་བྱི་ཅུང་བོད་ཁམས་བསྐོར་ཏེ་ལོག  །རྩཝ་ཡལ་འདབ་རྒྱ་ཡུལ་ལ་བསྐོར་ཏེ་ལོག
རང་ཤིང་དང་བྱི་ཅུང་གཉིས་ཀུ་སྨོ། ཚེ་ལན་གཅིག་འཛོམས་པའི་ལ་སྨོན་ལམ་འདི།
ཡར་ལྷ་ཤིང་རྩེ་མོར་ལ་གཏབ་གེ་སྨོ།

Friday, March 6, 2020

Sem Nyotsong from Tsip Chhelo


༼སེམས་ཉོ་བཙོང་༽
གླུ་ཚིག་རྩོམ་མི། ཤར་ཀུ་ཀུ།
གློག་བརྙན།   རྩིསཔའཆོལ་ལོ།

སྭོ་་་ཡ་ ས་འཛམ་གླིང་མིའི་ཚོང་འདུས་ལུ། །ཨའེ་སེམས་དང་སེམས་ཀྱི་ཚོང་རེ་རྐྱབ།།
རང་གནམ་བསྐོས་མ་རྩ་ལང་སྦེ་མནོ། །ཚོང་ཉོ་བཙོང་ཁྱོད་དང་ཐབས་ཅིག་ང་།།
ཁྱོད་ཁེ་སང་གཞན་ལུ་སྤྲོད་མ་ད།།
སྭོ་་་ཡ་ དབང་ཆེན་དཔོན་གྱིས་དམག་བཏང་རུང་། །བླམ་རྟོགས་ལྡན་ཅན་གྱིས་མཐུ་རྐྱབ་རུང་།།
དམ་ཚིག་གི་སེམས་ཀྱི་སྒྲོམ་ཅུང་འདི། །བུ་གཞན་ལུ་ལྡེ་མིག་ཕྱི་མ་བཅུག།
ཁྱོད་ཟ་མའི་རྒྱན་ཆ་དམ་ཚིག་ཨིན།།

སྭོ་་་ཡ་ ངེའི་ལུས་དང་སེམས་ཀྱི་ལྷ་ཁང་ནང་། །དད་ཅན་གྱི་གནས་སྐོརཔ་ཁྱོད་འཁོར་ཚེ།།
བརྟན་བྱིན་རླབས་ཅན་གི་ནང་བརྟན་ཡང་། །ང་མཇལ་ཁ་མ་བཏང་ཐབས་མིན་འདུག།
ཁྱོད་བྱིན་རླབས་གཞན་ལས་ཞུ་མ་ད།།

ནམ་སོ་ཁ་ཚད་པའི་སྤང་ཐང་ནང་། །ཁམ་ཤིང་དང་གླ་མ་མེ་ཏོག་ཤར།།
གངས་ཁཝ་ཡང་ཆུ་ལུ་སྒྱུར་བའི་ཚེ།།
སྭོ་་་ཡ་ ང་སྡོད་ས་མ་ཆགས་ཁྱོད་མཐོངམ་ད། །སེམས་མཐུན་པའི་སྲུང་ཅིག་བཏང་གེ་ཤོག།
སྭོ་་་ཡ་ ས་འཛམ་གླིང་མིའི་ཚོང་འདུས་ལུ། །ཨའེ་སེམས་དང་སེམས་ཀྱི་ཚོང་རེ་རྐྱབ།།
ཐ་དམ་ཚིག་ཁྲོམ་བཤལ་རྐྱབ་མ་ད། །ངེའི་ཚེ་ཅིག་ཚོང་དཔོན་ཁྱོད་འབད་ནང་།།

Mayo Mayo from Yoebum Yeatsho

༼མ་གཡོ་མ་གཡོ༽
གླུ་ཚིག་རྩོམ་མི། ཚེ་ཅིག་དབང་འདུས།
གློག་བརྙན། འོད་འབུམ་འོད་མཚོ།

མ་གཡོ་མ་གཡོ། །ཁྱོད་ཀྱི་སེམས་འདི་གཞན་ཁར་མ་གཡོ།།
མ་གཡོ་མ་གཡོ། །དགའ་བའི་སེམས་འདི་གཞན་ཁ་མ་གཡོ།།
ངེ་གི་ཧིང་ཁར་བབས་པའི་བུ་ཁྱོད། །སེམས་གཞན་ལུ་མ་གཡོ།།

ཁྱོད་ཀྱི་ངོ་རིས་ཚར་རེ་མཐོངམ་ད། །ཧིང་གཏམ་ཚིག་གི་བང་མཛོད་འབད་རུང་།།
ཁྱོད་ལུ་སླབ་འི་ཚིག་ཅིག་རྩ་ལས་མ་ཐོབ་སྨོ །ཁྱོད་ཀྱི་གསུང་སྐད་ཚར་རེ་གོཝ་ད།།
འཛམ་གླིང་ཞབས་ཁྲ་གང་སྟེ་འབད་རུང་། །ག་ཅི་འཐེན་ནི་ཨིན་ན་རྩ་ལས་མ་ཤེས་ང་།།

དབའེ་བུ་མོ་དབའེ་བུ་མོ། །སེམས་ལུ་ཐེ་ཚོམ་ཆགས་དོ།།
དབའེ་བུ་མོ་དབའེ་བུ་མོ། །བློ་ལུ་དོགས་པ་ཟ་དོ།།

ཁྱོད་དང་འབྲེལ་བ་སྔོན་ལས་ཡོདཔ་བཟུམ་སྦེ། །མཐོང་ལོང་མེད་པར་དགའ་བའི་སེམས་ཅིག་ཤོར།།
སེམས་ཀྱི་སྦུག་ལས་ཡིད་ཡང་ཁྱོད་ལུ་ཆགས། །ཆགས་པའི་བུཚུདེ་མི་ལེགས་མི་ལེགས།།

ལེགས་པའི་ཙན་དན་སྡོང་པོ། །རླུང་འཕུར་ས་བུམོ་ཁྱོད་མ་གཡོ།།
ཨའེ་གསེར་གྱི་ཀ་ཆེན་བཟུམ་སྦེ། །ངེའི་སེམས་ལུ་འགྱུར་བ་མེད་སྨེ།།
དབའེ་བུ་མོ་དབའེ་བུ་མོ། །ཁྱོད་སེམས་གཞན་ཁ་མ་གཡོ།།
དབའེ་སྟག་ཤར་དབའེ་སྟག་ཤར། །ངེ་གི་སེམས་འདི་མ་དཀྲོགས་མེན་ན།།

Chi Maen Nyi Ya Maen from Super Star


༼གཅིག་མེན་གཉིས་ཡང་མེན༽
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།
གློག་བརྙན། སུ་པར་ཨིས་ཊར།

གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས། །
ཁྱོད་ཀྱི་ལེགས་པའི་ངོ་རིས་བལྟ་སྟེ་གི །ཁྱོད་ལུ་དགའ་བའི་བརྩེ་བ་བརྒྱ་གཅིག་ཡོད།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི། །ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།
བུམོ་ང་ཧ།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི། །ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།

སེམས་ལྷོད་ས་ལུས་མ་ལྷོད། །ལུས་སྡོད་ས་སེམས་མ་ཆགས།།
ཁྱོད་ཀྱི་ཧིང་གཏམ་བཤདཔ་ད། །ཨའེ་བལྟ་སྟེ་ཆགས་པའི་བློ་སེམས་སྟོངཅིག་ཡོད།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།

ས་ག་སྟེ་འགྱོ་རུང་ར། །ཁྱོད་དྲན་ཏེ་བག་མ་ཆགས།།
ཁྱོད་ཀྱི་བརྩེ་བ་བསྐྱེད་ཐངས་ཨའེ་བལྟ་སྟེ། །ཕང་པའི་ཕང་སེམས་ཁྲིཅིག་ཡོད།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།

ཁྱོད་ཀྱི་བསམ་པ་བཟང་པོ་ལྟ་སྟེ་གི །འགྱུར་ནི་མེད་པའི་དམ་བཅའ་འབུམ་གཅིག་ཡོད།།
ཁྱོད་ཀྱི་དགའ་བའི་དགའ་འཛུམ་ཨའེ་ལྟ་སྟེ། །དྲན་པའི་སེམས་འདི་ས་ཡ་གཅིག་ཡོད།།
བུམོ་ང་ཧ།།
ཁྱོད་ཀྱི་དགའ་བའི་དགའ་འཛུམ་ཨའེ་ལྟ་སྟེ། །དྲན་པའི་སེམས་འདི་ས་ཡ་གཅིག་ཡོད།།

གཉིད་ལོག་རུང་གཉིད་ལམ་ཁྱོད། །ལམ་འགྱོ་རུང་སེམས་ཁར་ཁྱོད།།
མ་ཤི་ཚུན་ཚོད་ཁྱོད་ཀྱི་བུ་ཁྱོད་ཀྱི། །ཁྱོད་ཀྱི་དོན་ལུ་མནོ་བསམ་བཏང་དོ་ཧོ།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།
གཅིག་མེན་གཉིས་ཡང་མེན་ཁྱོད་ལུ་དགའ་བའི་སེམས།།

Tsho Gyen from Dunghey Parigam


༼ཚོགས་རྒྱན༽
ཚིག་རྩམ་མི། ཕྲིན་ལས་དབང་ཕྱུག།
གློག་བརྙན། དོན་ཧི་སྤར་རི་གངམ།།

ང་དགའ་བའི་ཚོགས་རྒྱན་ཕུད་རྡོག་གཅིགཔ་འདི། །བུམོ་ཁྱོད་ལུ་བཙུགས་ཚར་ཡི་སྨོ།།
ཁྱོད་ལུ་དགའ་བའི་སེམས་འདི་ཚོགས་རྒྱན་དང་འདྲ། །ཁྱོད་དགའ་བའི་ཚོགས་རྒྱན་ང་ལུ་བཙུགས་པ་ཅིན།།
ང་ཁྱོད་ཀྱི་འདེམས་ངོ་རང་ཨིན། །བློ་གཏད་ཅན་གི་འདེམས་ངོ་བུམོ་ང་ར་ཨིན།།

ཁྱོད་ཀྱི་སེམས་ལུ་ཁས་བླངས་གསལ་བསྒྲགས་ག་ཅི་ཡོད་ག་ང་ལུ་སླབ་གནང་མས།།
ཁྱོད་མནོ་བའི་སེམས་ལས་ཕྲང་སྟེ་སླབ་གནང་མས།།
དོན་ཧིང་སྤར་རི་གངམ་གི་ནང་ལས་སྤར་ར་བཅམ་སྟེ་ཁྱོད་ལུ་བཙུགས་ཚར་ཡི།།
ང་དགའ་བའི་ཚོགས་རྒྱན་འཕྲོ་བརླག་གཏང་མ་ད།།
ང་ཚེ་གཅིག་ལུས་གཅིག་ར་ཁྱོད་དང་ཆ་འདི་སྡོད་ནི་ཨིན།།
བུ་མོ་ངེ་གི་ཁས་བླངས་གསལ་བསྒྲགས་ཨིན།།

ཨརཝ་བརྐུ་བའི་མི་ལུ་ལྷ་ཆགས་ཏེ། །ཁྱོད་སེམས་འདི་བརྐུ་ཚར་ཡི་སྨོ།།
ལྷ་ཆགས་པའི་མི་ལུ་བཅོ་ཐབས་ར་མེད། །སེམས་གསལ་དྲགས་ཡོད་པའི་བུམོ་གླེན་གོམ་ང་།།
སྟེང་ལྷ་ཡི་ཁྱུ་མཆོག་གི་སེམས། །མིག་ཏོ་འཁྱབ་ནི་མེད་པ་ལྟདམོ་བལྟ་སྡོདཔ་མས།།
ཁ་ལས་ཁ་ཆུ་མ་ཐོན་ཐབས་ཁྱོད་ལུ་མེད།།

ཀརྨ་གླིང་ལུ་གཡང་པའི་བལ་ལུ་འཁལ་བའི་འཁལ་ལུགས་ཁྱོད་ཀྱི་ཤེས་ག་སྨོ།།
ཁྱོད་མཁས་པའི་བུ་མོ་ལན་གཅིག་སླབ་གནང་མས།།
གཡང་པའི་བལ་ལུ་འཐག་པའི་འཐག་ལུགས་བཙེམས་པའི་བརྩེམས་ལུགས་ཁྱོད་ཀྱི་ཤེས་ག་སྨོ།།
རྒྱུ་བལ་གྱི་བཟང་གོ་གྱོན་ནི་མནོ་བསམ་ཡོད།།
ཁྱོད་གྱོན་པའི་གྱོན་ལུགས་ཤེསབལ་གྱི་བཟང་གོ་འཐག་བྱིན་གེ།
སྟག་ཤར་དམངས་ལས་ཁྱོད་ར་ལེགསཔ་བཟོ་གེ།

Wednesday, March 4, 2020

Zomba Lhasey Roo Roo from Yoebum Yeatsho

༼འཛོམ་པ་ལ་སེ་རུ་རུ༽

གློག་བརྙན། འོད་འབུམ་འོད་མཚོ།
གླུ་ཚིག་རྩོམ་མི། སློབ་བསོད་ནམས་བསྟན་འཛིན།

འཛོམས་པ་ལྷ་སེ་རུ་རུ་མི་ཚེའི་ནང་། །འཛོམས་པ་ལྷ་སེ་རུ་རུ།།
དབའེ་དབའེ་ཆ་རོགས་ཚུ། །འཛོམས་པ་ལ་སེ་རུ་རུ་མི་ཚེའི་ནང་།།
འཛོམས་པ་ལྷ་སེ་རུ་རུ་མི་ཚེའི་ནང་། །འཛོམས་པ་ལྷ་སེ་རུ་རུ།།

དཔྱད་རིག་མེད་པར་ད་རིས་ཕྱདཔ་ད་ལུ། །དོན་དག་མེད་པའི་བློ་ཚུ་མ་སླབ་པར།།
འཕྲལ་ཕུགས་གཉིས་ལུ་ཕན་པའི་བཤད་ཐོ་ཅིག །ཉམས་དགའ་བའི་ཞོར་ཁ་ལོ་རྒྱུས་བཤད་པ་ཅིན།།
ང་བསམ་རྫོགས་ཟེར་རུང་འདི་ཨིན། །འགྱོནི་འགྱོ་ལོང་མེད་པར།།
སྡོདན་སྡོད་ལོང་མེད་པར། །འཇིག་རྟེན་འཁོར་བའི་ལཱ་ཚུ།།
བརྟག་དཔྱད་མེད་པར་འབད་དེ། །མི་ཚེ་མགུ་དཀརཔོ་ཐལ་རུང་།།
སེམས་ཀྱི་མ་ཚོར་བས། །མི་ཚེ་མགུ་དཀརཔོ་ཐལ་རུང་།།
སེམས་ཀྱི་མ་ཚོར་བས།།

འཁོར་ལོ་མེད་པའི་སྣུམ་འཁོར་གཅིག །ཝའུ་ཅར་མེད་པའི་འགྲུལ་འཕྲིན་གཉིས།།
དམ་ཆོས་མེད་པའི་མི་ཚེ་གསུམ། །ཨའེ་དོན་དག་མིན་འདུག་སྨོ།།
གཞན་སེམས་མེད་པའི་མི་གི་གཅིག །སྙིང་རྗེ་མེད་པའི་མི་གི་གཉིས།།
ངོ་ཚ་མེད་པའི་མི་གི་གསུམ། །ཨའེ་མི་ཚེ་སྟོང་ལོག་མས།།
ཨའེ་མི་ཚེ་སྟོང་ལོག་མས།།

ལཱ་ཅིག་མ་འབདན། །གྲུབ་འབྲས་མི་འཐོན་པས།།
ཀུན་ལུ་ཕན་པའི་འཆར་གཞི་བརྩམས་པ་ཅིན། །རང་གཞན་གཉིས་ལུ་ཕན་པ་འོང་ནི་མས།།
ཡར་མི་དབང་མཆོག་ཡང་ཐུགས་དགྱེས་ནི་མས། །རང་བསམ་པའི་དོན་འགྲུབ་ནི་མས།།
འགྱོ་རུང་རྐང་ཅུ་རུ་རུ། །སྡོད་རུང་པུས་ཅུ་རུ་རུ།།
སེམས་དང་མནོ་བསམ་མཐུན་ཏེ། །གཞུང་ལུ་ཕྱག་ཕྱིད་ཞུ་གེ།
མ་འོངས་ན་གཞོན་ཚུ་ལུ། །དཔེ་གཅིག་སྟོན་གེ།
མ་འོང་ན་གཞོན་ཚུ་ལུ། །དཔེ་གཅིག་སྟོན་གེ།

དྲིན་ལན་མེད་པའི་བུ་གཞི་གཅིག །དམ་ཚིག་མེད་པའི་གཉེན་གྲོགས་གཉིས།།
བསླབ་བྱ་མེད་པའི་ཕ་མ་གསུམ། །ཨའེ་ཡོད་རུང་སྟོང་ལོག་མས།།
མཆོད་པ་མེད་པའི་རྒྱུ་ནོར་གཅིག །ཕན་ཐོགས་མེད་པའི་ཅ་ལ་གཉིས།།
བྱིན་རླབས་མེད་པའི་སྲུང་སྐུད་གསུམ། །ཨའེ་ཡོད་རུང་བར་སྟོར་མས།།
ཨའེ་ཡོད་རུང་བར་སྟོ་མས། །འཛོམས་པ་ལ་སེ་རུ་རུ་མི་ཚེའི་ནང་།།
འཛོམས་པ་ལྷ་སེ་རུ་རུ། །དབའེ་དབའེ་ཆ་རོགས་ཚུ།།