༼རི་ནགས་ཚལ་ལས༽
ཚིག་དང་གདངས་བརྩམས་མི་ དྲུང་འཚོ་ཤེས་རབ་རྡོ་རྗེ།
ང་རི་ནགས་ཚལ་ལས་ཨུ་ཅིག་རྐྱབ་པ་ཅིན། །ཁྱོད་སེར་ཤོག་སྤང་ལས་ཨུ་ལན་འཇལ་འོང་ག །
ང་ལ་རྩའི་གུ་ལས་དར་ལྕོག་གཡུག་པ་ཅིན།
།ཁྱོད་གཡུས་ལས་འཛུམ་གདོང་ཤིག་ཤི་འབད་འོང་ག།
ཤིང་ལྷ་ཤིང་ཙན་དན་རླུང་གིས་གཡབ་རུང་།
།ང་ཁྱོད་ཀྱིས་ཤོག་ཟེར་འབོཔ་འདྲས་མནོ་སྟེ། །
ངེའི་དགའ་བའི་སེམས་ཀྱི་གོམ་པ་སྤོ་འགྱོ་དོ།
།ཡིད་ཁར་འོང་བའི་ཁྱོད་ཀྱི་གཟུགས། །
བལྟ་བའི་མིག་གིས་མ་མཐོང་རུང་།
།ཡང་ཅིན་ལག་པར་མ་བཟུན་རུང་། །
ངེའི་མནོ་བའི་དོན་ཧིང་སྦུག་ལུ་ལྷང་ལྷང་མས།
།
ང་ནཱ་ལས་ཁྱོད་ལུ་ཟུར་མིག་བལྟ་བ་ཅིན།
།ཁྱོད་ཕར་ལས་རྣམ་འགྱུར་ཤིག་ཤི་འབད་འོང་ག །
ཁྱོད་ཕར་ལས་རྣམ་འགྱུར་ཤིག་ཤི་འབད་འོང་ག
།ང་ཁྱོད་ལུ་དགའ་བའི་སྲུང་ཅིག་བཏང་པ་ཅིན། །
ཁྱོད་ང་ལུ་བརྩེ་བའི་སྲུང་ལན་འཇལ་འོང་ག
།
གསུང་ཧན་པའི་སྒྲ་སྙན་དཀྲོགས་སར་གོ་རུང་།
།ཁྱོད་ང་ལུ་ཧིང་གཏམ་བཤདཔ་འདྲས་མནོ་སྟེ། །
སེམས་དགའ་བའི་གཏམ་དང་ལོ་རྒྱུས་ཤོར་མྱོང་དོ།
།བུམོ་ཁྱོད་བཞུགས་པའི་ས་ཁར་ལུ། །
ལ་དང་ལུང་གིས་བཅད་རུང་རང་།
།ཆུ་ཆེན་ཟམ་པ་བརྒལ་ཏེ་གིས། །
སེམས་དགའ་བའི་ཧིང་གཏམ་བཤད་པར་འོང་དོ་མས།
།
No comments:
Post a Comment