Friday, January 15, 2021

Reprise songs of 1990s

 ༼སྤྱི་ལོ་ ༡༩༩༠ ལོའི་གླུ་གཞས་སྣ་ཚོགས།༽

 

ངེའི་གཉིད་ལམ་ནང་གི་སྨན་ཆུང་བུ་མོ་ཁྱོད། །ཁྱོད་གཉིད་ལམ་ནང་ལུ་མཐོང་ཚེ་འཇའ་བས་སྨོ། །

ཁྱོད་དངོས་སུ་ང་དང་ཕྱདཔ་ད་ཁ་མ་སླབ། །ད་དེ་སྦེ་མ་འབད་མེན་ན་ང་ལུ་དབའེ། །

ང་ལུ་ཨ་ཙི་བལྟ་གནང་སྨེ། །ང་ལུ་ཚར་གཅིག་དགའ་གནང་སྨེ། །

ལགཔ་ཅིག་ཨིན་རུང་བཤེད་འདི་གིས། །ཕངམ་ཅིག་ཨིན་རུང་བཏབ་གནང་སྨེ། །

 

ལྡུམ་ར་མཛེས་པའི་མེ་ཏོག་ཁ་དོག་ལེགས་མི་ལེགས། །ལེགས་པའི་མེ་ཏོག་གསེར་སྦྱང་ང་ལུ་ཁམས་མ་བཙོང་། །

དུས་ནམ་ཅིག་མེ་ཏོག་ཁྱོད་སེརཝ་གིས་བཅོམ་ད་ལུ། །དུས་ནམ་ཅིག་མེ་ཏོག་ཁྱོད་སེརཝ་གིས་བཅོམ་ད་ལུ། །

སེར་སྦྱངམ་ང་གིས་མེ་ཏོག་ཁྱོད་ལུ་ཆ་རོགས་འབད་བར་མི་ལྷོད་སྨེ། །

 

སེམས་ཆགས་ཆགས་བུམོ་ལེགས་པའི་བཟང་མོ་ཁྱོད། །ལེགས་པའི་བཟང་མོ་ཁྱོད། །

ཆུ་སིལ་ཤོག་སིལ་ཤོག་གངས་ཀྱི་ཆུ། །སིལ་རུང་འཐུང་ནིའི་དབང་ལུ་མ་བསྐོས་པས། །

ཆུ་སིལ་བ་གངས་ཀྱི་གཞན་ལུ་མས། །རང་འཁྱམ་ས་གཡུས་བཟང་ཁྲམོ་ལུ་མས། །

སེམས་ཆགས་ཆགས་བུམོ་ཡིད་འོང་མ། །

 

ས་ཐིམ་ཕུག་ཁྲོམ་ལུ་མི་འཛོམ་སའི་སྦུག་ལུ། །ང་འཁྱམས་ཏེ་སྡོད་མི་འདི། །

ེའི་སེམས་ཁར་ཡོད་པའི་བུམོ། །མ་མཐོང་པར་སྤྱང་འཁྱམ་དོ་སྨོ། །

ཨའེ་སྨོ་ཁྱོད་ག་ཏེ་ཡོད་རུང་ར། །དུས་རྟག་བུ་འཛོམ་སར་འོང་གནང་སྨེ། །

ཁྱོད་ངེ་གི་མིག་གིས་མ་མཐོང་རུང་། །ཁྱོད་དྲན་པའི་གླུ་གཞས་སན་ཚུགསཔ་འོང་། །

 

Sorry Sorry I am Sorry སྐུ་ཆེ་གསུང་ཆེ་ I am Sorry

Sorry Sorry I am Sorry སྐུ་ཆེ་གསུང་ཆེ་ I am Sorry

བུ་ངེའི་ལཱ་འདི་འཛོལ་རའཛོལ་སོང་ནུག།

གོངམ་མ་ཁྲེལ་ཁོ་ཐག་མ་ཆད། །བུ་ང་མཉམ་ཁ་སླབ་གནང་སྨེ། །

ངེ་གི་རྒྱུ་ནོར་ཟེར་རུང་། །ངེ་གི་ལོངས་སྤྱོད་ཟེར་རུང་། །

བུ་མོ་ཁྱོད་རཨིན། །

Sorry Sorry I am Sorry

སྐུ་ཆེ་གསུང་ཆེ་ I am Sorry

བུ་ངེའི་ལཱ་འདི་འཛོལ་ར་འཛོལ་སོང་ནུག།

Ri Na Tshel Lay

 རི་ནགས་ཚལ་ལས

ཚིག་དང་གདངས་བརྩམས་མི་ དྲུང་འཚོ་ཤེས་རབ་རྡོ་རྗེ།

 

ང་རི་ནགས་ཚལ་ལས་ཨུ་ཅིག་རྐྱབ་པ་ཅིན། །ཁྱོད་སེར་ཤོག་སྤང་ལས་ཨུ་ལན་འཇལ་འོང་ག །

ང་ལ་རྩའི་གུ་ལས་དར་ལྕོག་གཡུག་པ་ཅིན། །ཁྱོད་གཡུས་ལས་འཛུམ་གདོང་ཤིག་ཤི་འབད་འོང་ག།

 

ཤིང་ལྷ་ཤིང་ཙན་དན་རླུང་གིས་གཡབ་རུང་། །ང་ཁྱོད་ཀྱིས་ཤོག་ཟེར་འབོཔ་འདྲས་མནོ་སྟེ། །

ངེའི་དགའ་བའི་སེམས་ཀྱི་གོམ་པ་སྤོ་འགྱོ་དོ། །ཡིད་ཁར་འོང་བའི་ཁྱོད་ཀྱི་གཟུགས། །

བལྟ་བའི་མིག་གིས་མ་མཐོང་རུང་། །ཡང་ཅིན་ལག་པར་མ་བཟུན་རུང་། །

ངེའི་མནོ་བའི་དོན་ཧིང་སྦུག་ལུ་ལྷང་ལྷང་མས། །

 

ང་ནཱ་ལས་ཁྱོད་ལུ་ཟུར་མིག་བལྟ་བ་ཅིན། །ཁྱོད་ཕར་ལས་རྣམ་འགྱུར་ཤིག་ཤི་འབད་འོང་ག །

ཁྱོད་ཕར་ལས་རྣམ་འགྱུར་ཤིག་ཤི་འབད་འོང་ག །ང་ཁྱོད་ལུ་དགའ་བའི་སྲུང་ཅིག་བཏང་པ་ཅིན། །

ཁྱོད་ང་ལུ་བརྩེ་བའི་སྲུང་ལན་འཇལ་འོང་ག །

 

གསུང་ཧན་པའི་སྒྲ་སྙན་དཀྲོགས་སར་གོ་རུང་། །ཁྱོད་ང་ལུ་ཧིང་གཏམ་བཤདཔ་འདྲས་མནོ་སྟེ། །

སེམས་དགའ་བའི་གཏམ་དང་ལོ་རྒྱུས་ཤོར་མྱོང་དོ། །བུམོ་ཁྱོད་བཞུགས་པའི་ས་ཁར་ལུ། །

ལ་དང་ལུང་གིས་བཅད་རུང་རང་། །ཆུ་ཆེན་ཟམ་པ་བརྒལ་ཏེ་གིས། །

སེམས་དགའ་བའི་ཧིང་གཏམ་བཤད་པར་འོང་དོ་མས། །

Saen Nang Mey

 གསན་གནང་མས

 གསན་གནང་མས། རང་ཧིང་ལས་དགའ་བའི་བུ།

ང་ཁྱོད་དྲན་པའི་གླུ་གཞས་ཨིན་སྨ་རེ། ང་ཁྱོད་ར་དྲན་དོ་སྨོ།

གཏན་རྐྱང་གཉིད་ལམ་ནང་། ཁྱོད་ལོག་སྟེ་འོང་སར་མཐོང་།

འདི་འབདཝ་ད་ལུ་བུ་ཁྱོད་ཀྱིས་ཡར་སོ་ཡི་སྨོ། ངེ་སེམས་ཤིཝ་མས་ཁྱོད་དྲནམ་ད།

ང་ཁྱོད་ལུ་རང་དགའ། དགའ་བའི་དུས་ཚོད་ཡལ་ཏེ་ཡར་སོ་ཡི་སྨོ།

སེམས་གཉིས་མཐུན་པའི་དགའ་སྤྲོ་ཡལ་སོ་ཡི་སྨོ། ས་ཐག་རིང་སར་གཞན་དང་གཅིག་ཁར་ཡར་སོ་ཡི།

ངེའི་སེམས་ཁ་ལུ་བུ་ཁྱོད་རང་དྲན་ཏེ་ཡོད། བུ་ཁྱོད་ཚར་རེ་དྲན་ཚེ་འཁྲུལ་སྣང་ལང་།

ངེའི་སེམས་ཤིཝ་མས་ཁྱོད་དྲནམ་ད། I’m still loving you

དགའ་བའི་དུས་ཚོད་ཡལ་ཏེ་ཡར་སོ་ཡི་སྨོ། སེམས་གཉིས་མཐུན་པའི་དགའ་སྤྲོ་ཡལ་སོ་ཡི་སྨོ།

ས་ཐག་རིང་སར་གཞན་དང་གཅིག་ཁར་ཡར་སོ་ཡི། ངེའི་སེམས་ཁ་ལུ་བུ་ཁྱོད་རང་དྲན་ཏེ་ཡོད།

བུ་ཁྱོད་ཚར་རེ་དྲན་ཚེ་འཁྲུལ་སྣང་ལང་། ངེའི་སེམས་ཤིཝ་མས་ཁྱོད་དྲནམ་ད། ང་ཁྱོད་ལུ་རང་དགའ།

 

གསན་གནང་མས། རང་ཧིང་ལས་དགའ་བའི་བུ། ང་ཁྱོད་དྲན་པའི་གླུ་གཞས་ཨིན་སྨ་རེ།

ང་ཁྱོད་ར་དྲན་དོ་སྨོ། གཏན་རྐྱང་གཉིད་ལམ་ནང་། ཁྱོད་ལོག་སྟེ་འོང་སར་མཐོང་།

འདི་འབདཝ་ད་ལུ་བུ་ཁྱོད་ཀྱིས་ཡར་སོ་ཡི་སྨོ། ངེ་སེམས་ཤིཝ་མས་ཁྱོད་དྲནམ་ད།

I’m still loving you

Hingten Hingten

 ཧིང་གཏད་ཧིང་གཏད

ཧིང་གཏད་ཧིང་གཏད་ང་དགའ་བའི་ཧིང་གཏད། །ས་འཇིག་རྟེན་འདི་ནང་ཁྱོད་གཅིག་ལས་མིན་འདུག །

ང་ཁྱོད་ལུ་དགའ་བའི་ཧིང་གཏམ་སླབ། །ཁྱོད་ང་ལུ་ལན་གཅིག་སླབ་མ་བཏུབ། །

ཁྱོད་མནོ་བསམ་བཏང་སྟེ་སྡོད་མ་ད། །ངེའི་སེམས་ཀྱིས་བུམོ་ཁྱོད་བཞག་མ་ཚུགས། །

 

ཧིང་གཏད་ཧིང་གཏད་ང་དགའ་བའི་ཧིང་གཏད། །ས་འཇིག་རྟེན་འདི་ནང་ཁྱོད་གཅིག་ལས་མིན་འདུག །

ང་ཁྱོད་ལུ་དགའ་ནི་དགའ་བས་སྦ། །འདི་འབདཝ་ད་ཁྱོད་ལུ་སླབ་མ་ཚུགས། །

ང་མནོ་བསམ་མ་གཏང་ཐབས་མིན་འདུག །བུ་ཁྱོད་ཀྱིས་བརྟན་བརྟན་སྡོད་འོང་ག །

 

ང་ཁྱོད་ལུ་དགའ་བའི་ཧིང་གཏམ་སླབ། །ཁྱོད་ང་ལུ་དགོད་བྲོ་མ་བཟོ་སྨེ། །

འཕྲལ་དགའ་བའི་ཨ་རོགས་དགའ་རོགས་མེན། །མཇུག་ཕན་པའི་གཉེན་གྲོགས་ཨིན་སྨ་རེ། །

ཧིང་གཏད་ཧིང་གཏད་ང་དགའ་བའི་ཧིང་གཏད། །ས་འཇིག་རྟེན་འདི་ནང་ཁྱོད་གཅིག་ལས་མིན་འདུག །

ཁྱོད་ང་ལུ་ཧིང་གཏམ་སླབ་པ་ཅིན། །ང་ཁྱོད་ལུ་དགོད་བྲོ་མི་བཟོ་སྨེ། །

ད་བརྟན་བརྟན་གཉེན་གྲོགས་ཁྱོད་ར་ཨིན། །མཇུག་ཁྱོད་ཀྱིས་བུམོ་ང་བཀོ་མ་ད། །

 

ང་ཁྱོད་ལུ་ཧིང་གཏམ་སླབ་མི་འདི། །བུམོ་ཁྱོད་ཀྱི་སེམས་ཀྱི་དོན་ཧིང་གུར། །

རྡོ་གུ་ལུ་རི་མོ་འབྲི་དོ་བཟུམ། །བུམོ་ཁྱོད་ཀྱིས་ཧིང་ལས་བརྗེད་མ་སོང་། །

ཧིང་གཏད་ཧིང་གཏད་ང་དགའ་བའི་ཧིང་གཏད། །ས་འཇིག་རྟེན་འདི་ནང་ཁྱོད་གཅིག་ལས་མིན་འདུག །

Gola Shargo Ja Dhang Nubgo Tong

 ༼སྒོ་ལ་ཤར་སྒོ་བརྒྱ་དང་ནུབ་སྒོ་སྟོང་༽

 སྒོ་ལ་ཤར་སྒོ་བརྒྱ་དང་ནུབ་སྒོ་སྟོང་། །བུ་མོ་སྐལ་བཟང་ཆོས་སྒྲོན་ཆོས་ལ་འགྲོ།

བུ་མོ་གཟིམ་ཅུང་སྒོ་ལས་མཐོན་པའི་སྒང་། །ཚོས་གཅིག་བཅོ་ལྔའི་ཟླ་བ་ལ་ལས་ཚེས།

རྟག་དང་རྟེན་འབྲེལ་ཨིན་ཟེར་སྒྲིག་ཆེད་ནུག །ལས་དང་སྨོན་ལམ་ཨིན་ཟེར་འཛོམས་ཆེད་ནུག

ཕུ་ལ་ཡར་ཡར་བྲག་གི་སྐྱེད་པ་ལུ། །བླ་མ་ཡོན་ཏན་རྒྱ་མཚོ་ཆོས་གནང་དོ།

ལག་བཅུ་ཕྱག་རྒྱ་ཆེན་མོ་ཐལ་མོ་སྦྱར། །སྤུས་མོ་ཤ་ཞེན་རབ་བཅུ་ས་ལུ་བཙུགས།

བུ་མོའི་ལུས་ངག་ཡིག་གསུམ་བླམ་ལུ་ཕུལ། །བུ་མོ་དགོ་པའི་ཆོས་ཅིག་བླམ་ལས་ཞུ།